མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ཡིད་རྟོན་མནའ་འབྲེལ་བཙུཌ་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་གསལ། མཚོ་སྔོན་གྱིས་ཟི་ལིང་དང་མཚོ་ཤར་གྱི་གྲོང་ཚོམས་གཞི་གཅིག་ཅན་འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་པ་དང་སྦྲེལ་མཐུད་དམ་ཟབ་བྱེད་པ་དང་། ཡིད་རྟོན་འབྲེལ་ཐག་ཏུ་བྱས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས)དགུ་དང་མཐུན་སྦྱོར་མཉམ་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། “རྨ་ཆུའི་ངོགས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས)དགུ”དང་། “རྨ་ཆུའི་ངོགས་ཀྱི་གྲོང་ཁྱེར་དགུ” “ལན་ཀྲོའུ་དང་ཟི་ལིང་གི་ཡུག་འབྲེལ་གྲོང་ཚོགས”བཅས་ཀྱི་ཡིད་རྟོན་མ་ལག་མནའ་འབྲེལ་ཧུར་ཐག་བཙུགས་པས།“ཆ་འཕྲིན་མཉམ་སྤྱོད་དང་། མཉམ་དུ་ལྟ་འདོམས། རྣམ་པ་ཁས་ལེན། སྤུས་རྟགས་མཉམ་གཏོད”སོགས་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
རྒྱལ་ཁབ་ཀྱི《ལན་ཀྲོའུ་དང་ཟི་ལིང་གི་ཡུག་འབྲེལ་གྲོང་ཚོགས་ཀྱི་འཕེལ་རྒྱས་འཆར་འགོད》དོན་འཁྱོལ་བྱེད་པའི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལན་ཀྲོའུ་དང་ཟི་ལིང་ནི“ལན་ཀྲོའུ་དང་ཟི་ལིང་གི་ཡུག་འབྲེལ་གྲོང་ཚོགས”གསར་གཏོད་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འཕར་སྣེ་གལ་ཆེན་ཞིག་རེད། འདི་ལོའི་ཟླ་4ཚེས་15ཉིན་ལན་ཀྲོའུ་གྲོང་ཁྱེར་གྱི་སྤེལ་རེས་རྟོག་ཞིབ་ཚོགས་པ་དང་བཅས་པས་ཟི་ལིང་གྲོང་ཁྱེར་དུ“ལན་ཀྲོའུ་དང་ཟི་ལིང་གི་ཡུག་འབྲེལ་གྲོང་ཚོགས”ཀྱི་ཡིད་རྟོན་མཐུན་སྦྱོར་མཉམ་སྐྲུན་གྱི་བརྟག་ཞིབ་སྤེལ་རེས་ཀྱི་ལས་དོན་སྤེལ་བ་མ་ཟད། ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་དང་། ཡིད་རྟོན་སྙན་ཞུ་ཕན་ཚུན་ཁས་ལེན། ཡིད་རྟོན་ཁོངས་བརྒལ་སླར་གསོ། ཁ་དན་ཚིག་ལ་མ་གནས་པར་མཉམ་དུ་ཆད་གཅོད། “ཡིད་རྟོན་རུང་བ་+”ཡི་རྣམ་པ་སྤྱོད་པ་སོགས་ཀྱི་ཁྱབ་ཁོངས་ཐད་བསམ་འཆར་གཅིག་མཐུན་བྱུང་ཡོད།
དེ་དང་ཆབས་ཅིག་མཚོ་ཤར་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་ལན་ཀྲོའུ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱིས་གྲོས་མོལ་བྱས་ཏེ།“ལན་ཀྲོའུ་དང་མཚོ་ཤར་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་མཐུན་སྦྱོར་མཉམ་སྐྲུན་བྱ་རྒྱུའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན”གྱི་འཆར་ཟིན་བཀོད་ནས་ལོ་འདིའི་ནང་དངོས་སུ་མིང་རྟགས་འགོད་རྩིས་ཡོད་པ་རེད།