དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་ལ་བརྟེན་ནས་ཡོང་འབབ་འཕར་བར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-04

    འདི་ནི་ཟླ་11ཚེས་22ཉིན་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གཡུང་དྲུང་རིག་གནས་སྒྱུ་རྩལ་ལྟེ་གནས་མངོན་མིན་རིག་གནས་ཤུལ་བཞག་དབུལ་སྐྱོར་ལས་ཞུགས་བཟོ་ཁང་གི་དགེ་རྒན་གྱིས་དགེ་ཕྲུག་ལ་བོད་ཡིག་ཡིག་གཟུགས་འབྲི་སྟངས་སློབ་བཞིན་པ།

    འདི་ནི་ཟླ་11ཚེས་22ཉིན་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གཡུང་དྲུང་རིག་གནས་སྒྱུ་རྩལ་ལྟེ་གནས་མངོན་མིན་རིག་གནས་ཤུལ་བཞག་དབུལ་སྐྱོར་ལས་ཞུགས་བཟོ་ཁང་གི་དགེ་ཕྲུག་གིས་ཐང་ག་འབྲི་བཞིན་པ།

    འདི་ནི་ཟླ་11ཚེས་22ཉིན་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གཡུང་དྲུང་རིག་གནས་སྒྱུ་རྩལ་ལྟེ་གནས་མངོན་མིན་རིག་གནས་ཤུལ་བཞག་དབུལ་སྐྱོར་ལས་ཞུགས་བཟོ་ཁང་གི་དགེ་ཕྲུག་གིས་བོད་ཡིག་ཡིག་གཟུགས་སྦྱོང་བཞིན་པ།

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གཡུང་དྲུང་རིག་གནས་སྒྱུ་རྩལ་ལྟེ་གནས་མངོན་མིན་རིག་གནས་ཤུལ་བཞག་དབུལ་སྐྱོར་ལས་ཞུགས་བཟོ་ཁང་གིས་ཐང་ག་དང་། བོད་ཡིག་ཡིག་གཟུགས། རྐོས་དཀྲོལ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་བཟོ་བཞིན་ཡོད་ཅིང་། བཟོ་ཁང་དེས་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་བྱས་ནས་ཡུལ་དེ་གའི་མང་ཚོགས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། བཟོ་ཁང་དེར་ལྷ་བྲིས་པ་དང་བོད་ཡིག་ཡིག་མཁན་120ཡོད། 2020ལོར་བཟོ་ཁང་བཙུགས་ཚུན་ཆེད་ལས་ཀྱི་ལྷ་བྲིས་པ་གདན་དྲངས་ཏེ་ཡུལ་དེ་གའི་མང་ཚོགས་ལ་ཐང་ག་འབྲི་སྟངས་དང་བོད་ཡིག་ཡིག་གཟུགས་ཐད་ཀྱི་གསོ་སྦྱོང་ཐེངས་10བྱས་པར་གསོ་སྦྱོང་མི་ཐེངས་2000ལྷག་ཙམ་ཟིན་ཡོད་ལ། ཐང་ག་དང་། བོད་ཡིག་ཡིག་གཟུགས། རྐོས་དཀྲོལ་སོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མངགས་ཐོ་3500ལྷག་ཙམ་ལེགས་སྒྲུབ་བྱས་ཏེ་ངལ་རྩོལ་པ་170ལ་ལས་ཞུགས་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།