དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན་གྱིས་ཆུ་གློག་རྣམ་གྲངས་ཀྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-12-04

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁ་པུར་ནས་གློག་འཕྲིན་འབྱོར་གསལ། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཨའེ་ན་ཁེའི་ཟངས་གཏེར་རྣམ་གྲངས་ཀྱི་ལེ་ལག་ཚང་བའི་གཙོ་གནད་ལས་གྲྭ་སྟེ། པ་ཀ་ཏ་ལའི་ཆུ་གློག་རྣམ་གྲངས་ཀྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་ཉིན་ཤས་གོང་རྒྱལ་ས་ཁ་པུར་དུ་འཚོགས་པ་རེད།

    ཨ་ཧྥུ་ཀ་ནི་སི་ཐན་གནས་སྐབས་སྲིད་གཞུང་ནུས་རྒྱུ་ཆུ་བེད་པུའི་ལས་ཚབ་པུའུ་ཀྲང་མན་སུར་དང་། གཏེར་ལས་རྡོ་སྣུམ་པུའི་པུའུ་ཀྲང་གཞོན་པ་ཨ་ལིའུ་པི། ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲའོ་ཤིང་། སྐྲུན་འགན་འཁུར་མཁན་ཀྲུང་གོ་ལྕགས་བཞུ་ཚོགས་པའི་ཟངས་ཏི་ཚ་ཚད་ཡོད་ཀུང་སི་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཁག་གི་འཐུས་མི་བཅས་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པ་རེད།

    ཀྲའོ་ཤིང་གིས་ཤིས་ཚིག་སྒྲོན་སྐབས། ཨའེ་ན་ཁེའི་ཟངས་གཏེར་རྣམ་གྲངས་ནི་ཀྲུང་ཨ་མཉམ་ལས་ཀྱི་རྣམ་གྲངས་ཨ་མ་ཡིན་པས་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རྣམ་གྲངས་དེ་སྔ་ཙམ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གཉིས་ཁེ་གཉིས་ཕན་ཡོང་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཨ་ཧྥུ་ཀ་ནི་སི་ཐན་གྱི་འཐུས་མིས་པ་ཀ་ཏ་ལ་ཆུ་ཤུགས་གློག་ཁང་རྣམ་གྲངས་བདེ་བླག་ངང་བསྐྲུན་ནས་ཨའེ་ན་ཁེའི་ཟངས་གཏེར་རྣམ་གྲངས་ཕྱོགས་ཡོངས་ནས་འགོ་འཛུགས་པར་རྨང་གཞི་འདིང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གློག་ཤུགས་དང་གཏེར་ཐོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།