དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷུན་རྩེ་རྫོང་དུ་ནུས་རྒྱུ་གསར་པའི་གློག་སྒུལ་རྐྱང་པའི་སྤྱི་སྤྱོད་རླངས་འཁོར་ཚོད་གཏོང་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-04

    ཉིན་ཤས་གོང་། ལྷུན་རྩེ་རྫོང་དུ་ནུས་རྒྱུ་གསར་པའི་གློག་སྒུལ་རྐྱང་པའི་སྤྱི་སྤྱོད་རླངས་འཁོར་ཁག་དང་པོ་དངོས་སུ་ཚོད་གཏོང་བྱེད་འགོ་ཚུགས་པ་དེ་ཐོག་ནས་ལྷུན་རྩེ་རྫོང་གི་གྲོང་མི་རྣམས་ལྗང་མདོག་ཐཱན་ཉུང་གི་ཕྱིར་སྐྱོད་དུས་རབས་གསར་པར་དངོས་སུ་སྐྱོད་འགོ་ཚུགས་པ་མཚོན་ཡོད།

    ད་ཐེངས་ཀྱི་ནུས་རྒྱུ་གསར་པའི་གློག་སྒུལ་རྐྱང་པའི་སྤྱི་སྤྱོད་རླངས་འཁོར་ལ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་210ལྷག་ཙམ་བཏང་བ་དང་། ལམ་ཐིག་གཉིས་ཡོད་པ་དེ་ལྷུན་རྩེ་དང་རི་ཐང་གྲོང་རྡལ་གཉིས་ལ་ཁྱབ་ཡོད། ཁྱོན་ས་ཚིགས་30བཀོད་སྒྲིག་བྱས་པ་དེ་དག་རྫོང་གྲོང་གི་ཁྲོམ་གཞུང་གཙོ་བོ་དང་། ཏང་སྲིད་ལས་ཁུངས། འདུ་འཛི་ཆེ་ས། མི་སྣ་འདུ་འཛོམས་ཆེ་བའི་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་བཅས་དང་འབྲེལ་བ་ཡོད་པས། རྫོང་གྲོང་མང་ཚོགས་ཀྱི་རླངས་འཁོར་སྡོད་པའི་དགོས་མཁོ་སྤྱིར་ན་སྐོང་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།