དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྣ་དཀར་རྩེ་རྫོང་གིས།

    ཀྲེ་ཅང་དུ་གསར་དུ་ལས་འགན་འཁུར་མཁན་ལས་བྱེད་པར་གཅིག་སྡུད་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-04

    ཉིན་ཤས་གོང་། སྣ་དཀར་རྩེ་རྫོང་གིས་གསར་དུ་ལས་འགན་འཁུར་མཁན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་དེ་ཀྲེ་ཅང་སློབ་ཆེན་ཧྭ་ཅཱ་ཁྲེ་སློབ་ཁུལ་དུ་གཉེར་བར་རྫོང་ཡོངས་ཀྱི་གསར་དུ་ལས་འགན་འཁུར་མཁན་ལས་བྱེད་པ་30ཞུགས་ཡོད་པ་རེད།

    ད་ཐེངས་གསོ་སྦྱོང་བྱ་ཡུལ་གྱི་ཡུལ་དངོས་ལྟ་སྦྱོང་ཁྲོད། གསོ་སྦྱོང་ལ་ཞུགས་མཁན་ཚོ་ཅཱ་ཤིང་ནན་ཧུའུ་གསར་བརྗེའི་སློབ་གསོའི་རྟེན་གཞི་དང་ལྔ་བཞིའི་རྩ་ཁྲིམས་ལོ་རྒྱུས་དཔྱད་གཞིའི་བཤམས་སྟོན་ཁང་སོགས་སུ་བསྐྱོད་དེ་ཏང་བཙུགས་ལོ་རྒྱུས་བསྐྱར་དྲན་དང་། “གྲུ་དམར་སྙིང་སྟོབས”དང་རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོའི་གྲུབ་འབྲས་ཤེས་ཚོར་བྱས་པ་དང་། ཨན་ཅི་ཡུས་གྲོང་ཚོར“སྔོ་ལྗང་རི་ཀླུང”གི་ཁོར་ཡུག་ལེགས་ཆ་ཇི་ལྟར་བྱས་ནས“གསེར་རི་དངུལ་རི”འཛུགས་སྐྲུན་བྱེད་པའི་དངོས་ཡོད་ཐོན་སྐྱེད་ནུས་ཤུགས་ལ་སྒྱུར་པའི་ལག་ལེན་དང་ཉམས་མྱོང་སློབ་སྦྱོང་། ཀྲེ་ཅང་ཚོང་པའི་རྟེན་རྫས་བཤམས་མཛོད་ཁང་དུ་ཀྲེ་ཅང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་བྱུང་ཚུལ་དང་ཀྲེ་ཅང་གི་ཚོང་པའི་ལས་གཏོད་གསར་གཏོད་ཀྱི་སྔོན་ཐོན་ལས་དོན་འདུ་ཤེས་སློབ་སྦྱོང་བཅས་བྱས་ནས། གསར་དུ་ལས་འགན་འཁུར་བའི་ལས་བྱེད་པར་བསམ་བློ་བཅིངས་འགྲོལ་དང་། འདུ་ཤེས་བསྒྱུར་བ། བསམ་ཕྱོགས་གསལ་འབྱེད་བཅས་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ལས་བྱེད་པའི་འགན་སྒྲུབ་འབད་འབུངས་བྱེད་པའི་སྒུལ་ཤུགས་འཕེལ་བར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།