དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་དུ་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་འབྲེལ་ཡོད་ལས་དོན་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-04

    ཉེ་ཆར། གསར་འགོད་པར་འཕྱོངས་རྒྱས་རྫོང་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ལྷོ་ཁ་གྲོང་ཁྱེར་གྱི་ཚོགས་ཆུང་གསུམ་པས་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་དུ་ཡོངས་བཤེར་ལས་དོན་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་རིག་དངོས་ཡོངས་བཤེར་བྱེད་རིང་། ཡོངས་བཤེར་ཚོགས་ཆུང་ལ་ལྷ་ཡུལ་ཤང་ནས་རིག་དངོས་ས་ཚིགས་6གསར་དུ་རྙེད་པས་ལྷ་ཡུལ་ཤང་གི་རིག་དངོས་ཀྱི་གནས་ཚུལ་སྔར་བས་ཤེས་རྟོགས་བྱུང་ཡོད། ད་ཐེངས་ཀྱི་ཡོངས་བཤེར་ལས་དོན་སྤེལ་སྐབས་གཙོ་བོ་ལྷ་ཡུལ་ཤང་ཁོངས་གཏོགས་ཀྱི་གནའ་བོའི་ཡུལ་མིའི་སྡོད་ཁང་དང་། གནའ་བོའི་རྗེས་ཤུལ། བྲག་བརྐོས་རི་མོ། དགོན་སྡེ་སོགས་ལ་བརྟག་དཔྱད་བསྡོམས་རྩིས་བརྒྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།