དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

    གནད་འཕིགས་ཇུས་འདོན་བྱས་ནས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-04

    ད་ལོ་ཚུན་དུ། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“མི་ཚང་མ་ཚོང་གཉེར་ཁོར་ཡུག་གི་བདག་པོ་ཡིན”ཞེས་པའི་འདུ་ཤེས་མཐའ་འཁྱོངས་བྱས་པ་དང་། “སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ”དམིགས་ཚད་དུ་བཟུང་སྟེ། “ལྟ་འདོམས་དང་ཞབས་ཞུ་དང་། ལས་ཕྱོད་དང་འདྲ་མཉམ། གསོན་ཤུགས་དང་སྒྲིག་ལམ”གྱི་འབྲེལ་བ་ཆ་གསུམ་ལ་སྤྱི་འདོམས་བྱས་པ། གཉེར་སྐྱོང་བྱེད་པོ“ཐིགས་ཆུ་སྨིན་གཏོར”ལ་དམ་པོར་དམིགས་ཏེ “ཞབས་ཞུར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཕན་འབྲས་མུ་མཐུད་ཐོན་པར་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་ཁྲིམས་སྐྱོང་མཁོ་སྤྲོད་བརྟེན་ནས་དྲང་གཞག་དང་། འགྲན་རྩོད། གོ་རིམ་ལྡན་པ་བཅས་ཀྱི་ཁྲོམ་རའི་ཁོར་ཡུག་སྲུང་སྐྱོང་བྱས་ཤིང་། གྱོད་ཁུངས་རྩིས་སྤྲོད་དང་། གྱོད་གཞི་སྒྲུབ་གཉེར། གྱོད་གཞིར་གྲོས་བསྡུར། གྱོད་གཞིར་དོ་དམ། བཀག་ཉར་དང་གཞུང་བཞེས་བཏང་བའི་དངོས་པོར་དོ་དམ་དང་ཐག་གཅོད་སོགས་ཀྱི་ཁྲིམས་འཛིན་གྱོད་སྒྲུབ་ལམ་ལུགས་ཁག་12སྔ་རྗེས་སུ་ཞིབ་འཇུག་བྱས་ནས་བཟོས་པ་དང་། 《ཉིང་ཁྲི་གྲོང་ཁྱེར་གྱི་དྲ་ཕྱིའི་ཚོང་ཁང་གི“རྒྱུ་མཚན་མེད་པར་ཚོང་ཟོག་ཕྱིར་སློག”སྐོར་གྱི་མཛུབ་ཁྲིད(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་བྱས་པ། “རྒྱུ་མཚན་མེད་པར་ཚོང་ཟོག་ཕྱིར་སློག”སྐོར་གྱི་ཁས་ལེན་གྲོས་འགོ་བཏོན་པ། “རྒྱུ་མཚན་མེད་པར་ཚོང་ཟོག་ཕྱིར་སློག”བྱ་སྤྱོད་ལག་བསྟར་བྱས་ཏེ་དྲ་ཕྱིའི་ཉིན་བདུན་རིང་རྒྱུ་མཚན་མེད་པར་ཚོང་ཟོག་ཕྱིར་སློག་གི་ཚོད་ལྟའི་ཚོང་ཁང་15འཛུགས་པར་མཛུབ་ཁྲིད་བྱས་པ། ཁེ་ལས་ཆོག་འཐུས་ཀྱི“ཞིབ་བཤེར་གཏན་འབེབས་གཉིས་གཅིག་གྱུར”དང་ཚོང་འགུགས་མ་འདྲེན་ཁེ་ལས་ཀྱིས་མདུན་བཅར་ཞབས་ཞུའི་ལམ་སྲོལ་གསར་འཛུགས་བྱས་པ། གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱིས“སྐར་ཁུང་གཅིག་ནས་བདག་སྤྲོད་དང་རིམ་པ་དབྱེ་ནས་ཞིབ་བཤེར་གཏན་འབེབས”བྱེད་སྟངས་འཚོལ་ཞིབ་བྱས་པ། 《ཉིང་ཁྲི་གྲོང་ཁྱེར་གྱིས་ཁེར་རྐྱང་བཟོ་ཚོང་དུད་ཚང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུའི་བྱེད་ཐབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》བཏོན་པ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཚབ་སྒྲུབ་སྒྲིག་གཞི་47དང《མཚམས་སྦྱོར་སྒྲིག་གཞིའི་ཡིད་རྟོན་གཉེར་སྐྱོང་གི་གྲོས་འགོའི་ཡི་གེར》མིང་རྟགས་བཀོད་པ། ཁེ་ལས་ཀྱི་ལས་གཉེར་ལག་ཁྱེར་གཉེར་བའི་དུས་ཚོད་དེ་ལས་ཀའི་ཉིན་མོ་0.5བར་ཐུང་དུ་བཏང་བ། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ལས་གཉེར་ལག་ཁྱེར་གཉེར་བའི་ཐད“འཕྲལ་དུ་གཉེར་བ་དང་འཕྲལ་དུ་ཆོག་མཆན་འགོད་པ”དང“སྲིད་གཞུང་དང་དངུལ་ཁང་མཉམ་ལས་དང་རིག་ནུས་ཞིབ་བཤེར་མཆན་འགོད་གཉིས་ཟུང་དུ་འབྲེལ་ཐུབ་ཡོད། ད་ཆ་ཉིང་ཁྲི་གྲོང་ཁྱེར་དུ་གཉེར་སྐྱོང་བྱེད་པོ་ཁྲི་4.4ལྷག་ཙམ་ཡོད་པ་རེད།

    མིག་སྔར་ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“ཉིང་ཁྲིའི་ཇ་ལོ”དང“རྫ་ཡུལ་གྱི་སྟེང་པ་བའི་སྦར་ཟིན་ཟས”སོགས་གྲོང་ཁྱེར་རིམ་པའི་ཐོན་ལས་15ཡི་ས་གནས་ཀྱི་ཚད་གཞི་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་བ་དང་ཁྱད་ལྡན་ཚལ་13གྱི་ཚད་གཞི་གཏན་འཁེལ་བྱས་ཡོད། ད་ལོ་ཚུན་དུ་ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་ཚད་འཇལ་ཞབས་འདེགས་ཞུ་བའི་བྱ་སྤྱོད”བྱེད་སྒོ་སྤེལ་ཞིང་། ཁེ་ལས་འཕེལ་རྒྱས་རིམ་སྤོར་ལ་ཞབས་འདེགས་ཞུ་རྒྱུ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་དམིགས་ནས་རིམ་རྩིས་བརྒྱབ་ན། རོགས་སྐྱོར་ཁེ་ལས་ལ་ཚད་འཇལ་ཡོ་ཆས་ལ་ཞིབ་བཤེར(ཐིག་ཚད་སྒྲིག་པ)ཐེངས་290ལྷག་ཙམ་བྱས་པ་དང་། ཚད་འཇལ་ཡོ་ཆས་ཀྱི་ཚད་གཞི་སྔར་བས་གནད་འཁེལ་ཡོང་བའི་འགན་ལེན་བྱས་པ། ཚད་འཇལ་ཡོ་ཆས་སྐོར་གྱི་བྱེད་སྒོ་ཁྲོམ་ར་དང་སྡེ་ཁུལ་དུ་སྤེལ་ནས་ཚད་འཇལ་ཡོ་ཆས་ཐད་ཀྱི་མང་ཚོགས་ཀྱི་ངོས་འཛིན་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་བ། གློག་རྡུལ་ཚད་འཇལ་རྒྱ་མ་1500ལ་ཞིབ་བཤེར་གཏན་འཁེལ་བྱས་པ། སྣུམ་སྣོན་ཡོ་ཆས་436དང་གནོན་ཤུགས་ཆུ་ཚོད་487ལ་ཞིབ་བཤེར་གཏན་འཁེལ་བྱས་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་ཚད་འཇལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་བྱས་ནས་མིག་ཤེལ་ཚོང་ཁང་གི་ཚད་འཇལ་ཡོ་ཆས་ལ་ཕྱོགས་ཡོངས་ནས་ལེབ་བཤེར་བྱས་པ། མིག་ཤེལ་སྒྲིག་པའི་ཚད་འཇལ་ཡོ་ཆས་ལ་ཞིབ་བཤེར་གཏན་འཁེལ་ཐེངས་32བྱས་པ། དེ་བཞིན“ཤ་མོའི་དུས་ཚིགས”སྲུང་སྐྱོང་བྱ་སྤྱོད་སྤེལ་ཏེ་སྲིད་འཛིན་ཁྲིམས་འཛིན་དང་ལག་རྩལ་ལྟ་འདོམས་ཟུང་འབྲེལ་གྱི་སྟོབས་ཤུགས་གཅིག་འདུས་ཀྱིས“དྲང་སྙོམས་རྒྱ་མ”2དུས་ཐོག་ཏུ་བཙུགས་པ་དང་། རིམ་རྩིས་བརྒྱབ་ན་གློག་རྡུལ་ཚད་འཇལ་རྒྱ་མར་སྒོ་རྩར་བསྐྱོད་དེ་ཞིབ་བཤེར་གཏན་འཁེལ་ཐེངས་160ལྷག་ཙམ་བྱས་ནས། ཉིང་ཁྲིའི་ཤ་མོའི་ཁྲོམ་ར་དྲང་བཞག་དྲང་བདེན་དང་ཁྲོམ་རའི་སྒྲིག་ལམ་ཡག་པོ་ཡོང་བའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།