རྒྱལ་ཁའི་སྒོ་མོ་འབྱེད་པའི་ལྡེ་མིག་ལྔ།
གཅིག མི་གཤིས་བཟང་པོ་གསོ་སྐྱོང་ལ་འབད་དགོས།
མི་གཤིས་བཟང་པོ་ནི་ཤེས་རབས་ཅན་གྱི་བློ་གྲོས་ལྟར་གསོ་སྐྱོང་བྱ་ཐུབ་པ་ཞིག་ཡིན་ཏེ། མི་ཞིག་གི་བསམ་པ་མཆོག་ཏུ་འགྱུར་མིན་ནི་མི་དེའི་སྤྱོད་ལམ་ཚུལ་དང་མཐུན་མིན་ལ་བལྟ་དགོས།
གཉིས། ཁྱད་དུ་འཕགས་པའི་ཤེས་རབ་ཡོད་དགོས།
དེ་ནི་དོན་དག་གང་འདྲ་ཞིག་གི་ཐད་ལ་ཡང་དེ་འདྲ་ཡིན་དགོས། མགོ་བདེ་པོ་སྒྱེ་པོ་གང་ལས་ཤེས་རབ་སྦར་མོ་གང་རིན་ཐང་ཆེ་སྟེ། དེ་ནི་གཏམ་སྤྱོད་གཉིས་ཀྱི་ཆེས་གལ་ཆེ་ཤོས་དང་ཚད་གཞི་མཐོ་ཤོས་དེ་ཡིན།
གསུམ། བླ་ན་མེད་པའི་དབྱེ་འབྱེད་ཀྱི་ནུས་པ་ཡོད་དགོས།
བླ་ན་མེད་པའི་དབྱེ་འབྱེད་ཀྱི་ནུས་པ་དེ་ནི་བློ་གྲོས་ཅན་གྱི་གསེར་ཁྲི་ཆེན་མོ་ཞིག་དང་གཟབ་ནན་གྱི་རྨང་རྡོ་ཡིན། དེ་ལྡན་ན་ཁྱེད་ལ་གྲུབ་འབྲས་འཐོབ་ངེས་ཡིན།
བཞི། འཚོ་བའི་བབ་དང་བསྟུན་དགོས།
ཤེས་ཡོན་ཡང་དུས་བསྟུན་འཕེལ་རྒྱས་གཏོང་དགོས། བསམ་བློ་དང་གཤིས་སྤྱོད་ནི་དུས་དང་བསྟུན་ནས་འགྱུར་ལྡོག་འགྲོ་བཞིན་ཡོད། རང་ཉིད་ཀྱི་གཤིས་སྤྱོད་དུས་རབས་ཀྱི་འགྲོ་ཕྱོགས་དང་དང་བསྟུན་དགོས།
ལྔ། ནམ་ཡང་འཁང་ར་བྱ་མི་ཉན།
འཁང་རས་སྙན་གྲགས་ལ་རྟག་ཏུ་གནོད་པར་བྱེད་པས། རང་ཉིད་ལ་བརྟེན་པ་དང་འཁང་ར་ལ་ངོ་རྒོལ་བྱེད་མཁན་དཔེ་མཚོན་ཞིག་ལས་མི་གཞན་གྱི་སྙིང་རྗེའི་ཡུལ་ཞིག་བྱ་མི་ཉན།