ཁྲེང་ཏུར་སྨན་བཅོས་ལ་འགྲོ་མཁན་ཚོས་འདི་ངེས་པར་དུ་གཟིགས་རོགས།
བོད་རིགས་ནད་པ་དང་ནད་པའི་ནང་མིར་དེ་བས་སྟབས་བདེ་དང་གནད་འཁེལ་གྱི་སྨན་བཅོས་ཞབས་ཞུ་བྱ་ཆེད། ཉེ་ཆར་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གིས་བོད་སྐད་ཀྱི་ཞབས་ཞུའི་ས་ཚིགས་དངོས་སུ་བཙུགས་འདུག
དགོས་མཁོ་ཡོད་པའི་ནད་པས་བོད་སྐད་ཀྱི་ཞབས་ཞུའི་ཁ་པར་18980524143ལ་འབྲེལ་བ་བྱེད་ཆོག ལས་ཀའི་དུས་ཚོད་ནི། 8:00ནས་12:00བར་དང་14:00ནས་17:30བར་རེད་འདུག
སྨན་ཁང་གིས་དང་བླངས་པ་སྐད་སྒྱུར་དུ་བཏང་ནས་སྐུ་ཉིད་ལ་ཨང་ཀི་བཀག་པ་དང་། སྨན་པ་བསྟེན་པ། སྨན་ཁང་དུ་སྡོད་པའི་འགྲོ་ལུགས་གཉེར་བ་སོགས་བྱེད་རོགས་བྱེད་ཀྱི་འདུག
གལ་ཏེ་དགོས་པ་ཡོད་ཚེ། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གི་སྨན་བཅོས་སྣེ་ཤན་ལས་སྟེགས་སམ་ཡང་ན་ནད་ཁུལ་གྱི་སྨན་གཡོག་ས་ཚིགས་སུ་ཐད་ཀར་ཡོང་ནས་སྐད་སྒྱུར་བྱེད་མཁན་བཙལ་ན་འགྲིག་གི་འདུག