དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་287.8ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-03

    ཉེ་ཆར། ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་287.8ཟིན་པ་དེ་དུས་མཚུངས་ལས་5.7%འཕར་བ་དང་། འཕར་ཚད་ཟླ་བ་དང་པོ་ནས་དགུ་པའི་བར་ལས་བརྒྱ་ཆའི་གྲངས་0.1མཐོ་རུ་ཕྱིན་ཡོད། ཟླ་བ་བཅུ་པར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་དུས་མཚུངས་ལས་5.7%འཕར་བ་དང་། འཕར་ཚད་དེ་ཟླ་བ་དྲུག་པ་ཚུན་གྱི་ཆུ་ཚད་མཐོ་ཤོས་ཡིན་ཞིང་། ཟོག་འགྲེམས་འཁོར་སྐྱོད་བསྐྱར་འཕར་ཆེ་རུ་ཕྱིན་པ་དང་ཆབས་ཅིག་གྲུབ་ཆའི་རང་བཞིན་ལེགས་སུ་འགྲོ་ཚུལ་དེ་བས་མངོན་གསལ་དོད་དུ་ཕྱིན་པ་མངོན་ཡོད་པ་རེད།

    གྲངས་གཞི་ལས་དུས་གཅིག་ཏུ་མངོན་པར། ཟླ་བ་དང་པོ་ནས་བཅུ་པའི་བར་ཟོག་འགྲེམས་ལས་རིགས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་11.3ཟིན་པ་དེ་དུས་མཚུངས་ལས་3.8%འཕར་བ་དང་། འཕར་ཚད་ཟླ་བ་དང་པོ་ནས་དགུ་པའི་བར་ལས་བརྒྱ་ཆའི་གྲངས་0.1མཐོ་རུ་ཕྱིན་ཏེ་འཕར་ཚད་ཟླ་བ་གཉིས་བསྟུད་མར་བསྐྱར་འཕར་བྱུང་ཡོད་པ་རེད།

    ཟླ་བ་དང་པོ་ནས་བཅུ་པའི་བར་བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲེམས་བསྡོམས་འབོར་བརྟན་པོ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་དུས་མཚུངས་ལས་5.8%འཕར་བ་དང་། འཕར་ཚད་ཟླ་བ་དང་པོ་ནས་དགུ་པའི་བར་ལས་བརྒྱ་ཆའི་གྲངས་0.2མཐོ་རུ་ཕྱིན་ནས་ས་ཁུལ་དང་ལས་རིགས་བརྒྱ་ཆ་བརྒྱད་ཅུ་ལྷག་ཙམ་གྱི་ཟོག་འགྲེམས་བསྡོམས་འབོར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།