དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་རྒྱལ་ཁའི་ངང་མཇུག་འགྲིལ་བ།

    ཧྲེན་དབྱི་ཆིན་གྱིས་འགྲན་ཚོགས་མཇུག་འགྲིལ་བའི་ཁྱབ་བསྒྲགས་གནང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-03

    ཉིན་ཤས་གོང་། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་ཧའེ་ནན་ཞིང་ཆེན་སན་ཡཱ་གྲོང་ཁྱེར་དུ་མཇུག་འགྲིལ་བ་རེད། རྒྱལ་དོན་ཨུ་ཡོན་ཧྲེན་དབྱི་ཆིན་མཇུག་འགྲིལ་མཛད་སྒོར་ཞུགས་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་མཇུག་འགྲིལ་བའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

    ཆུ་ཚོད་20པར། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་མཇུག་འགྲིལ་མཛད་སྒོ་སན་ཡཱ་གྲོང་ཁྱེར་གྱི་ལུས་རྩལ་ལྟེ་གནས་སུ་འཚོགས་པ་རེད། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་མི་རིགས་ཁག་གི་ལུས་རྩལ་པ་དང་། རྩལ་ཁྲིད་པ། སྐུ་མགྲོན་བཅས་ཀྱིས་སྤྲོ་སྣང་དང་འཆམ་མཐུན་གྱི་རྣམ་པའི་ཁྲོད་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་བར་མཉམ་དུ་རྟེན་འབྲེལ་ཞུས་པ་རེད། མཇུག་འགྲིལ་མཛད་སྒོ་དེ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཕན་གཡོད་ཀྱིས་གཙོ་སྐྱོང་གནང་བ་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲི་ཏན་གྱིས་མཇུག་འགྲིལ་ཤིས་ཚིག་བསྒྲོན་པ་རེད།

    འཐུས་མི་ཚོགས་པ་ཁག་ལུས་རྩལ་ར་བར་འཛུལ་རྗེས། ཚོཌ་ཆེན་ཐོག་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི“ལུས་རྩལ་གྱི་ཀུན་སྤྱོད་སྲོལ་བཟང་བྱ་དགའ”ཐོབ་པའི་འཐུས་མི་ཚོགས་པའི་མིང་ཐོ་སྒྲོག་སྦྱངས་བྱས་པ་རེད། མི་རིཌ་56གི་འཐུས་མིས་ལུས་རྩལ་འགྲན་ཚོགས་ལ་དཀའ་སྤྱད་ཞབས་འདེཌ་ཞུ་མཁན་དང་བླངས་པའི་འཐུས་མིར་མེ་ཏོག་སྤྲད་པ་རེད།

    མཇུག་འགྲིལ་མཛད་སྒོར། ད་དུང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ་དང་། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་2027ལོར་ཧུའུ་ནན་ཞིང་ཆེན་དུ་འཚོག་རྒྱུ་ཡིན་པ་རེད། དེ་རྗེས“བསམ་པའི་ཁྱིམ་གཞིས་མཉམ་དུ་སྐྲུན”བརྗོད་དོན་གཙོ་བོར་བྱས་པའི་རིག་གནས་ལུས་རྩལ་གྱི་འགྲེམས་འཁྲབ་ཀྱང་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།