2025ལོའི་ལོ་འཁོར་གྱི“རྒྱལ་ཁབ་ཀྱི་གཞུང་ཞབས་པའི་ཡིག་རྒྱུཌ”གཏོང་འགོ་ཚུཌ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་རྒྱལ་ཁབ་གཞུང་ཞབས་པ་ཅུས་ནས་ཤེས་རྟོགས་བྱུང་བར། ཚེས་1ཉིན་ཀྲུང་དབྱང་ལས་ཁུངས་དང་དེ་བཞིན་དེའི་ཐད་སྐྱོང་ལས་ཁུངས་ཀྱི་2025ལོའི་ལོ་འཁོར་གྱི་ཡིག་རྒྱུགས་བཏང་ནས་གཞུང་ཞབས་པ་བསྡུ་བའི་ཀུན་བསྡུས་རིགས་ཚན་གྱི་ཡིག་རྒྱུགས་རྒྱལ་ཡོངས་ཀྱི་ཞིང་ཆེན་31(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)གི་གྲོང་ཁྱེར་248དང་ཡིག་རྒྱུགས་གཏོང་ས་101345རུ་དུས་གཅིག་ཏུ་སྤེལ་བར་རྒྱུགས་སྤྲོད་སློབ་མ་ཁྲི་298.2རྒྱུགས་མ་བཏང་གོང་ཐོ་འགོད་བྱས་པ་དང་མི་ཁྲི་258.6ཡིག་རྒྱུགས་ནང་དངོས་སུ་ཞུགས་ནས་ཞུགས་ཚད་86.7%ཙམ་ཟིན་ཏེ་ཡིག་རྒྱུགས་ནང་ཞུགས་མཁན་མི་གྲངས་དང་མི་བསྡུའི་འཆར་གཞིའི་མི་གྲངས་ཀྱི་བསྡུར་ཚད་65∶1ཡིན་པ་དང་། རྒྱུགས་སྤྲོད་ལྟ་ཞིབ་པ་དང་། རྒྱུགས་སྤྲོད་སྐོར་ཞིབ་པ། ཡིག་རྒྱུཌ་ལས་དོན་པ་བཅས་ཁྲི་26.3གྱིས་ཞབས་ཞུ་འགན་ལེན་བྱས་ཡོད།
ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་འཛུགས་ཞིབ་ཚགས་བྱེད་པ། གཞོགས་འདེགས་དམ་ཟབ་བཅས་བྱས་ནས། ཡིག་རྒྱུགས་ཞབས་ཞུ་ལེགས་སུ་དང་ཡིག་རྒྱུགས་རྐུ་བཤུས་ལ་དོགས་ཟོན་བྱས་ཏེ། གཞུང་དྲང་དང་། དྲང་གཞག བདེ་འཇགས་བཅས་ཀྱི་ཡིག་རྒྱུགས་ཁོར་ཡུག་ཅིག་བཏོད་ཡོད། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་ཚོས་རྒྱུགས་ལེན་གྱི་སྒྲིག་ཁྲིམས་བརྩི་སྲུང་ཞུས་ཏེ་བདེན་པ་དང་ཡ་རབས་ངང་ཡིག་རྒྱུགས་ནང་ཞུགས་ནས་སྤྱི་ཡོངས་ཀྱི་རྒྱུགས་ལེན་སྒྲིག་ལམ་གོ་རིམ་ལྡན་པ་དང་རྒྱུགས་སྲོལ་དང་རྒྱུགས་ཁྲིམས་བཟང་པོ་ཡོང་བར་བྱས་ཡོད།