“ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་གི་སྟོབས་ཤུཌ་གལ་ཆེན་བསྣན་པ”
པར་ཙིར་གྱི་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨེན་ལི་ཁེ·ནུའོ་པུའུ་ལེ་ཅ་ལ་བཅར་འདྲི་ཞུས་པ།
“པར་ཙིར་དང་ཀྲུང་གོའི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཕྱོགས་གཉིས་པོའི་འབྲེལ་བ་དེ་མཉམ་ལས་དང་ཡིད་ཆེས་ཀྱི་རྨང་གཞིའི་ཐོག་བཙུགས་ཡོད”པར་ཙིར་གྱི་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨེན་ལི་ཁེ·ནུའོ་པུའུ་ལེ་ཅ་ཡིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། པར་ཀྲུང་རྒྱལ་ཁབ་གཉིས་པོས་དཔལ་འབྱོར་ཚོང་དོན་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་བཏང་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མཐུད་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བརྗོད།
ནུའོ་པུའུ་ལེ་ཅ་ཡིས། རྒྱུན་མཐུད་ཆོག་པའི་ཞིང་ལས་དང་སྐྱེ་དངོས་འབུད་རྫས་ཐད་པར་ཙིར་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་གསར་གཏོད་ནུས་པའི་ཐད་ཀྲུང་གོའི་མཚོན་ཚུལ་མངོན་གསལ་དོད་པོ་ཡོད་པས་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆོག པར་ཀྲུང་དཔལ་འབྱོར་ཚོང་དོན་མཉམ་ལས་ཉིན་བཞིན་ཟབ་ཏུ་འགྲོ་བ་དང་ཞིང་ལས་ཀྱི་ཉེར་སྤྱོད་ལག་རྩལ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག ནུས་རྒྱུ་གཙང་མ་སོགས་ཀྱི་ཐད་ལའང་རྒྱལ་ཁབ་གཉིས་པོར་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ལྡན་ཡོད། “ཀྲུང་གོའི་ལག་རྩལ་གྱི་ལེགས་ཆ་དང་མ་དངུལ་གྱི་ལེགས་ཆས་པར་ཙིར་གྱི་འཕེལ་རྒྱས་ལ་རོགས་རམ་གལ་ཆེན་བྱ་རྒྱུ་དང་ཀྲུང་གོའི་ཚོང་དོན་རོགས་ཟླ་གལ་ཆེན་ཡིན་པའི་པར་ཙིར་གྱིས་ཀྱང་མུ་མཐུད་ནུས་པ་གལ་ཆེན་འདོན་རྒྱུ་རེད”ཅེས་བརྗོད།
“རྒྱལ་སྤྱིའི་གནད་དོན་གལ་ཆེན་མང་པོའི་ཐད་པར་ཀྲུང་རྒྱལ་ཁབ་གཉིས་ལ་ཐུན་མོང་གི་ངོས་འཛིན་དང་ཐུན་མོང་གི་ཁེ་ཕན་ལྡན་པས་ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་ཧུར་ཐག་བྱེད་ཀྱི་ཡོད” ནུའོ་པུའུ་ལེ་ཅ་ཡིས་པར་ཙིར་དང་ཀྲུང་གོས་ས་ཁུལ་དང་དེ་བཞིན་རྒྱལ་སྤྱིའི་ལས་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་པས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གར་སྟེགས་ཐོག་སྐད་ཆ་ཤོད་དབང་ཆེ་རུ་ཕྱིན་ཡོད། “པར་ཀྲུང་ཕྱོགས་གཉིས་པོས་མུ་མཐུད་མདུན་སྐྱོད་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་གི་ཡིན”ཞེས་བརྗོད།
“ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་བཞུགས་ནས་པར་ཙིར་ལ་རྒྱལ་དོན་འཚམས་འདྲི་གནང་བ་དེས་པར་ཙིར་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད། ལྗང་མདོག་ཕྱོགས་སྒྱུར། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་ཕྱིན་ནས་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་སྟེ་ཕྱོགས་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་ཐོབ་རྒྱུར་ཕན་ཐོགས་ཡོད་ལ། རྒྱལ་ཁབ་གཉིས་པོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ནས་ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་གི་སྟོབས་ཤུགས་གལ་ཆེན་སྣོན་པར་ཕན་ཐོགས་ཡོད”ཅེས་ནུའོ་པུའུ་ལེ་ཅ་ཡིས་བརྗོད།