དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ས་མཐོའི་དགུན་ཁའི་མཛེས་ལྗོངས་ཀྱིས། ཕྱོགས་བཞིའི་སྐྱེ་བོ་མགྲོན་དུ་བསུས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-03

    རྒྱལ་ལམ་219ཡི་རྒྱུད་དུ་གནས་པའི་ཕུ་མ་གཡུ་མཚོ་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ཡུལ་སྐོར་ས་ཚིགས་གལ་ཆེན་ཞིག་ཡིན་ཞིང་། ལོ་ལྟར་གྱི་སྟོན་དགུན་དུས་ཚིགས་གཉིས་སུ་ཡུལ་སྐོར་བ་མང་པོ་དེ་གར་ལྟ་སྐོར་ལ་ཡོང་གི་ཡོད། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གིས་ཕུ་མ་གཡུ་མཚོའི་མཐའ་འཁོར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་རྣམ་གྲངས་རྒྱུན་མཐུད་གཉེར་བ་དང་། མཚོ་དང་གངས་འཁྱག་གི་མཛེས་ལྗོངས་དམ་འཛིན་བྱ་གཞིར་བྱས་ནས། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་བཏང་བས། ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་དང་སྣེ་ལེན་ཞུ་ནུས་ཆེ་རུ་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་རྒྱལ་ལམ་རྒྱུད་ཀྱི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། རྒྱལ་ལམ་318དང་219སོགས་གཙོ་གནད་ལམ་ཐིག་ལ་དམིགས་ཏེ། རྒྱལ་ལམ་ཉེ་འཁོར་དུ་སྐད་གྲགས་ཆེ་བའི་ཡུལ་སྐོར་ས་ཚིགས་ཁག་གཅིག་བཏོད་ཅིང་། འདི་ནི་ཕུ་མ་གཡུ་མཚོའི་མཛེས་ལྗོངས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།