དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཀོང་པོའི་ལོ་གསར་གྱི་འཁྲུག་ཆ་དོད་པའི་ཁྲོམ་ར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-03

    ཉིང་ཁྲིའི་ཀོང་པོའི་ལོ་གསར་འཆར་བ་དང་ཆབས་ཅིག་ཉིང་ཁྲི་གྲོང་ཁྱེར་གྱི་སྡེབ་ཚོང་ཁྲོམ་ར་དང་། ཟོག་ཉོ་ལྟེ་གནས། སྒོ་རྩིས་ཚོང་ཁང་ཆེ་ཆུང་བཅས་སུ་མི་ཚོགས་ཀྱིས་ཁེངས་ནས་འཛད་སྤྱོད་ཁྲོམ་རའི་དགོས་མཁོ་ཆེ་ཞིང་གསོན་ཤུགས་ཀྱིས་ཁེངས་ཡོད་པ་རེད།

    ཟླ་12ཚེས་1ཉིན། གསར་འགོད་པ་ཁྲོམ་གཞུང་དུ་ལྟ་བར་སྐྱོད་སྐབས། བྲག་ཡིབ་ཆུས་ཀྱི་ཆུས་རྙིང་པའི་ཚོང་འདུས་ཁྲོམ་ར་དང་། ཤང་ཀང་ལམ་གྱི་རྐང་ཐང་ཁྲོམ་ལམ། ཀོང་པོའི་སྣང་འཆར་ཚོང་སྐོར་བཅས་སུ་ཁྲོམ་ར་དོ་དམ་སྡེ་ཚན་གྱི་རྒྱབ་སྐྱོར་འོག་གཉེར་སྐྱོང་ཚོང་དུད་ཀྱིས་གོ་རིམ་ལྡན་པའི་ངང་ཁྲོམ་འདོན་བཞིན་ཡོད་པ་དང་། ཁྲོམ་གཞུང་དང་ཁྲོམ་རར་མི་ཚོགས་ཀྱིས་ཁེངས་པ། ཚོང་ཁང་ཆེ་གྲས་ཁག་གི་དངུལ་རྩིས་རྒྱག་སར་འཛད་སྤྱོད་པ་བང་བསྒྲིགས་ནས་སྒུག་བསྡད་ཡོད་པས་འགྲུལ་རྒྱུན་དུས་ཆེན་གོང་དང་བསྡུར་ན་མངོན་གསལ་དོད་པོས་མང་དུ་ཕྱིན་པ་མ་ཟད། ཚོང་ཟོག་སྣ་ཚོགས་ཀྱི་མཁོ་སྤྲོད་ཀྱང་འདང་ངེས་ཡོད་པ་མཐོང་བྱུང་། དེའི་ཁྲོད་ཤིང་འབྲས་སོས་པ་དང་། ཤིང་འབྲས་སྐམ་པོ། ཤ་རིགས། ཚྭ་སྦྱངས་སོགས་ལོ་གསར་གྱི་བཟའ་བཅའི་རིགས་ཀྱི་མཁོ་ཆས་བྲིན་ཁ་ལྷག་པར་རྒྱུག་པ་དང་། མདོར་ན་དུས་ཆེན་གྱི་ཁྲོམ་ར་སྤྱི་ཡོངས་བརྟན་ལ་གོ་རིམ་ལྡན་པ་དང་ཉོ་ཚོང་གཉིས་ཀ་ཡག་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།