དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད། གྲགས་ཅན་མི་སྣའི་གླེང་སྟེགས”ནག་ཆུར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-03

    ཟླ་11ཚེས་29ཉིན་གྱི་སྔ་དྲོར། “དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད། གྲགས་ཅན་མི་སྣའི་གླེང་སྟེགས”ཐེངས་དགུ་པ་ནག་ཆུ་གྲོང་ཁྱེར་དུ་སྤེལ་བ་རེད།

    “ཉེ་བའི་ལོ་ཤས་རིང་བོད་ཀྱིས‘དོན་ཆེན་བཞིར’དམིཌ་པ་དང‘འཛུགས་གཏོད་བཞིར’ཤུཌ་རྒྱག་པ། ‘ཐོན་ལས་ཆེན་པོ་དགུར’སྤྱི་འདོམས་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་པས། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ནས་གངས་ལྗོངས་ས་གཞིར་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་ཡོད”ཅེས་བོད་ལྗོངས་མི་རིགས་སློབ་ཆེན་མི་རིགས་ཞིབ་འཇུག་ཁང་གི་རིམ་གསུམ་དགེ་རྒན་ཆེ་མོ་བ་དགེ་འདུན་མཚོས་བརྟག་དཔྱད་ཞིབ་འཇུག་དང་རང་ཉིད་ཀྱི་ཉམས་མྱོང་ཟུང་འབྲེལ་གྱིས་སློབ་གསོ་སྨན་བཅོས་དང་། ཞིང་འབྲོག་ཐོན་ལས་འཕེལ་རྒྱས། འགྲིམ་འགྲུལ་འཛུགས་སྐྲུན་སོགས་ཕྱོགས་མང་པོའི་ཐད་ནས་བོད་ཀྱིས་ཞིང་འབྲོག་ཁུལ་སྔོན་ལ་འཕེལ་རྒྱས་གཏོང་བར་སྤྱད་པའི་བྱ་ཐབས་གལ་ཆེན་དང་ཐོབ་པའི་གྲུབ་འབྲས་གལ་ཆེན་རྒྱས་བཤད་བྱས་པ་རེད།

    ནག་ཆུ་གྲོང་ཁྱེར་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པ་དང་གནམ་གཤིས་གྲང་ལ་སྐམ་ཤས་ཆེ་བ་དང་གསོ་རླུང་ཧ་ཅང་དཀོན་པོ་ཡོད། ནག་ཆུ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལེའོ་ཝུན་ཅེས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ནག་ཆུ་གྲོང་ཁྱེར་གྱི་སྲིད་འཛིན་གྲོང་ཚོ་1205ལ་ཨར་འདམ་ལམ་བཏིང་ཚད་100%ཟིན་པ་དང་། སྲིད་འཛིན་གྲོང་ཚོར་ཆུ་མཁོ་འདོན་བྱེད་ཚད་100%ཟིན་པ། དཀའ་ངལ་ཡོད་པའི་ཚོགས་སྤྱིར་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས“འགན་ལེན་གསུམ”གྱི་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ནག་ཆུ་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་90བསྐྲུན་ཞིང་། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་དང་། མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ། སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བརྒྱུད་གྲོང་གསེབ་ཀྱི་འཚོ་སྡོད་དང་ལས་གཏོད་ལ་འཚམ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།