སྟོད་ལུང་བདེ་ཆེན་ཆུས་ཀྱིས་མཛངས་མའི་སེ་འབྲུའི་ཁུག་མའི་འཐག་ལས་འགྲན་བསྡུར་ཆེ་མོ་གཉེར་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི“བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད། སྟོད་ལུང་ཡུལ་དུ་སེ་འབྲུའི་འབྲས་བུས་ཁྱབ་ཅེས་པའི་མཛངས་མའི་སེ་འབྲུའི་ཁུག་མའི་འཐག་ལས་འགྲན་བསྡུར་ཆེ་མོ”མི་རིགས་མཐུན་སྒྲིལ་སྤྱི་གླིང་དུ་གཉེར་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་སྟོད་ལུང་བདེ་ཆེན་ཆུས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་སྣེ་ཁྲིད་པ་དང་སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ་རེད། དུས་འགོའི་བསླས་འཐག་ལག་རྩལ་གསོ་སྦྱོང་དང་གྲ་སྒྲིག་འགྲན་བསྡུར་བྱས་པ་བརྒྱུད། བུད་མེད་60ལྷག་ཙམ་གྱིས་བསླས་པའི་སེ་འབྲུའི་ཁུག་མའི་བརྩམས་ཆོས་མཐའ་བསྡུར་ནང་ཚུད་པ་དང་། ས་གནས་ས་ཐོག་ཏུ་གྲལ་སྟར་འགྲིག་པོས་བསྒྲིགས་ཡོད་པའི་སེ་འབྲུའི་ཁུག་མ་དམར་པོ་དག་གིས་མི་རིགས་ཁག་གི་མི་དམངས་རྣམས་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་བ་མཚོན།