དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་ཧུར་ཐག་འབུལ་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་འདུ་འགོད་ལ་སྣེ་ཁྲིད་བྱས་ནས་རྣམ་པ་གསར་པ་གཏོད་དགོས་པའི་མཛུབ་སྟོན་གལ་ཆེན་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-02

    “དུས་རབས་གསར་པ་དང་རྒྱང་ལམ་གསར་པར་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་དགོས”ཞེས་དང་།“‘ཟུང་འབྲེལ་གཉིས’མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ས་གཞི་ཆེན་པོར་གཞི་ཚུགས་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་འཕེལ་རྒྱུན་མུ་མཐུད་འཛིན་སྐྱོང་བྱེད་པ། རིག་གཞུང་གི་རྨང་གཞི་ཟབ་ཏུ་གཏོང་བ་བཅས་བྱེད་དགོས” “མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པ”ལ་སོགས།

    ཟླ་11ཚེས་29ཉིན། མར་ཁེ་སི་རིང་ལུགས་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་འདུ་འགོད་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ནང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཞིབ་འཇུག དྲིལ་བསྒྲགས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་ལས་འགན་དང་བླང་བྱ་ཁ་གསལ་བཏོན་ནས། དུས་རབས་གསར་པའི་འདུ་འགོད་ལག་ལེན་བསྟར་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་ཏུ་གཏོང་བ་དང་། ཁོང་དུ་ཆུད་པ། གཞན་སྒྱུར་བཅས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་སྟེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    ལོ་20ཡི་རིང་། འདུ་འགོད་འདིས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་གི་ལས་ཀའི་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་བ་དང་། ཏང་གི་རིགས་པའི་གཞུང་ལུགས་ཀྱི་འཐབ་ས་སྲ་བརྟན་དུ་བཏང་བ། རྒྱ་ཆེའི་རིགས་པའི་གཞུང་ལུགས་ལས་དོན་པར་མཐུན་སྒྲིལ་བྱས་ནས་སྤུས་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་འབོར་ཆེན་བཏོན་པ་བཅས་བྱས་ཡོད།

    གྲངས་གཞི་ལས་མངོན་པར། འདུ་འགོད་དེ་ལག་བསྟར་བྱས་ཚུན་དུ། རྒྱལ་ཡོངས་ཀྱི་མར་ཁེ་སི་རིང་ལུགས་སློབ་གླིང་10ཡང་མ་ཟིན་པ་ནས་ད་ཆའི་2000ལྷག་ཙམ་བར་འཕེལ་རྒྱས་ཕྱིན་པ་དང་། གཙོ་གནད་ཞིབ་འཇུག་བྱ་གཞི་700ལྷག་ཙམ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ལ་ཞབས་འདེགས་ནུས་ལྡན་ཞུས་པ། རིགས་གཅིག་མཁས་ཅན་དང་མཁས་དབང་ཁྲི་མང་པོ་དེའི་ནང་ཞུགས་ཡོད།

    རྒྱུན་སྲིང་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དེ་དུས་རབས་གསར་པའི་ཏང་གི་བསམ་བློ་འཛུགས་སྐྱོང་གི་རྩ་བའི་ལས་འགན་རེད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འཕེལ་རྒྱས་གཏོང་བ་དེ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་རྒྱ་སྐྱེད་གཏོང་བ་དང་སྦྲགས། རྒྱུན་ཆད་མེད་པར་མ་ལག་ཅན་དང་རིགས་ལམ་ཅན་དུ་འགྱུར་བའི་བརྒྱུད་རིམ་ཞིག་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང“ཟུང་འབྲེལ་གཉིས”མཐའ་འཁྱོངས་ཀྱིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བའི་རེ་བ་ནན་པོ་བཏོན་གནང་བ་ལས། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཚན་ཞིབ་པུའི་ཀྲུའུ་རེན་ཁྲེན་ཧྲུའུ་ཀོང་གི་འབྱུང་འགྱུར་ལ་འཛིན་པའི་ལས་ཀའི་ཁ་ཕྱོགས་དེ་བས་གསལ་དུ་ཕྱིན་ཡོད།

    “‘ཟུང་འབྲེལ་གཉིས’ཀྱིས་ལག་ལེན་དང་འཕེལ་རྒྱས་ཀྱི་རྩ་བའི་བླང་བྱ་གསལ་སྟོན་གཏིང་ཟབ་བྱས་ཡོད་ལ། རིགས་པའི་གཞུང་ལུགས་འཕེལ་རྒྱས་ཀྱི་གཞི་རྩའི་ཆོས་ཉིད་དང་རིགས་པའི་གཞུང་ལུགས་ཞིབ་འཇུག་གི་རྩ་བའི་བྱ་ཐབས་གསལ་སྟོན་གཏིང་ཟབ་ཀྱང་བྱས་ཡོད། ང་ཚོས་སྲོག་རྒྱུན་ལྟ་བུ་ཡིན་པའི་མར་ཁེ་སི་རིང་ལུགས་དང་རྩ་རྒྱུན་ལྟ་བུ་ཡིན་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྟན་སྲུང་ཡག་པོ་བྱས་ཏེ། ཀྲུང་གོའི་ས་གཞི་ཆེན་པོར་གཞི་ཚུགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ལག་ལེན་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་བྱས་ཏེ། ཏང་གི་བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྱོང་གི་སྟོབས་ཤུགས་གསར་པ་ཞིག་ཧུར་ཐག་བྱེད་དགོས”ཞེས་ཁྲེན་ཧྲུའུ་ཀོང་གིས་བཤད།

    བྱ་གཞག་འཕེལ་རྒྱས་གཏོང་དགོས་ན་སྔོན་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས། བྱང་ཚད་མཐོ་བའི་རིགས་པའི་གཞུང་ལུགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནམ་ཡང་ཐུགས་ལ་འཆང་བཞིན་ཡོད།

    “སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་འདིས་ང་ཚོས་རིགས་པའི་གཞུང་ལུགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱ་རྒྱུར་བླང་བྱ་དེ་བས་མཐོ་བ་བཏོན་ཡོད”ཅེས་ཝུའུ་ཧན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་ལུའོ་ཡུང་ཁོན་གྱིས་བཤད། ཁོང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་མར་ཁེ་སི་རིང་ལུགས་སློབ་གླིང་ཞིག་ཡིན་པའི་ང་ཚོས་རིགས་པའི་གཞུང་ལུགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་བཏོན་ཏེ། དད་སེམས་བརྟན་པ་དང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པ། གྲངས་འབོར་འདང་ངེས་ཡོད་པ། གྲུབ་ཆ་བཟང་སྒྲིག་ཆེ་བ་བཅས་ཀྱི་བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་ཧུར་ཐག་བཏོད་དེ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྗེས་གྲབས་ཤེས་ལྡན་པ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱ་ཆེད་མཐོ་སློབ་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།