དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱིས་ཁུང་ཧྥན་སེན་སྐུ་གཤེགས་ནས་ལོ་30འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-02

    ཁུང་ཧྥན་སེན་སྐུ་གཤེགས་ནས་ལོ་30འཁོར་བའི་མཚམས་སུ། མངའ་རིས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་མིག་དཔེ་ཁུང་ཧྥན་སེན་ལ་དད་གུས་དང་མྱ་ངན་ཞུ་ལུགས་མཚོན་པར་བྱ་ཆེད། མངའ་རིས་ས་ཁུལ་གྱིས་དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

    ཁུང་ཧྥན་སེན་སྐུ་འཚོ་བཞུགས་སྐབས་གསོ་ཉར་གནང་བའི་དྭ་ཕྲུག་ཆོས་དབྱིངས་དང་། མངའ་རིས་ས་ཨུད་ཀྱི་དེ་སྔའི་དྲུང་ཆེ་ཁྲའེ་ཐེང་ཧུའུ། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་དེ་སྔའི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཡེ་ཤེས་རྒྱ་མཚོ་བཅས་དང་དེ་བཞིན་ཚན་པ་ཁག་གི་འཐུས་མི་ཚོས་སེམས་སྡུག་ཆེན་པོས་སྔོན་གཤེགས་དཔའ་བོ་ཁུང་ཧྥན་སེན་གྱི་དྲན་གསོའི་རྡོ་རིང་ལ་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་བ་རེད།

    འདས་མཆོད་མཇུག་འགྲིལ་རྗེས་མང་ཚོགས་ཚོས་མངའ་རིས་ས་ཁུལ་རྟེན་མཛོད་ཁང་གི་རིག་གཞུང་སྙན་ཞུ་ཚོམས་ཆེན་དུ་བསྐྱོད་དེ། “ཁུང་ཧྥན་སེན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་འཆད་ཁྲིད་བྱས་པ་རེད། དེ་རྗེས་ཚང་མས་ཁུང་ཧྥན་སེན་སློབ་ཆུང་དུ་བསྐྱོད་ནས་ཁུང་ཧྥན་སེན་དྲན་གསོ་ཁང་ལ་ལྟ་སྐོར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།