དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཕེལ་རྒྱས་ལམ་བུར་མཉམ་དུ་སྐྱོད། “ལྗང་མདོག”འབྱུང་འགྱུར་མཉམ་དུ་གཏོད།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-01

    འདི་ནི་སུའུ་ཅི་ཅི་ན་ལི་ཆུ་ཤུགས་གློག་ཁང་ཡིན་པ། ⇐ ཕ་ཁི་སི་ཐན་གྱི་སུའུ་ཅི་ཅི་ན་ལི་ཆུ་ཤུགས་གློག་ཁང་དེ་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཕྱི་རྒྱལ་མ་འཇོག་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པ་ཞིག་ཡིན་པ་དང་། རྣམ་གྲངས་དེ་2017ལོའི་ཟླ་དང་པོར་ལས་འགོ་ཚུགས་པ། སྤྱིའི་གློག་འདོན་ཤུགས་ཀྲའོ་ཝ་884ཟིན་གྱི་ཡོད། རྣམ་གྲངས་དེ་ནས་ཕྱོགས་ཡོངས་ནས་གློག་གཏོང་འགོ་ཚུགས་རྗེས་སྔོན་དཔག་བྱས་ན་ལོར་ཚད་ལྡན་རྡོ་སོལ་ཏུན་ཁྲི་128ཙམ་གྲོན་ཆུང་ཐུབ་རྒྱུ་དང་། དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་320ཙམ་འབུད་ཉུང་དུ་འགྲོ་རྒྱུ། ཕ་ཁི་སི་ཐན་གྱི་དུད་ཚང་ཁྲི་100ལྷག་ཙམ་ལ་ནུས་རྒྱུ་གཙང་མ་མཁོ་འདོན་ཐུབ་རྒྱུ་བཅས་རེད།

    ⇑ འདི་ནི་སུའུ་ཅི་ཅི་ན་ལི་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་ཡུལ་དུ་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་ལག་རྩལ་ཆེ་མོ་བས་ཆུ་རགས་ཀྱི་ཆུ་སྒོ་ལེགས་གཏོང་ཇུས་གཞིར་གྲོས་བསྡུར་བྱེད་བཞིན་པ།

    ⇒ ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ཧིན་རྡུ་ཉི་ཞི་ཡའི་ཁ་ལ་ཝང་གི་ཀྲའོ་ཝ་100ཡི་འོད་ཤུགས་རྣམ་གྲངས་ནི་ཧིན་རྡུ་ཉི་ཞི་ཡའི་གློག་འདོན་ཤུགས་ཆེ་ཤོས་ཀྱི་སྐམ་སའི་འོད་ཤུགས་རྣམ་གྲངས་ཤིག་རེད། འདིས་ལོ་ལྟར་དྭངས་གཙང་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་1.5མཁོ་འདོན་བྱས་ནས་དུད་ཚང་ཁྲི་11.2ཙམ་གྱི་ལོའི་གློག་སྤྱོད་དགོས་མཁོ་སྐོང་གི་ཡོད།

    ⇑ ཨེ་ཙེ་ཨོ་ཕི་ཡའི་གཙང་པོའི་ངོགས་ཀྱི་ལྗང་མདོག་འཕེལ་རྒྱས་རྣམ་གྲངས་ནི་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་གཞུང་ལམ་ལས་གྲྭ་ཅུས་དང་པོའི་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བ་ཞིག་ཡིན་ཞིང་། རྣམ་གྲངས་དེ་བསྐྲུན་རྗེས་ཁུལ་ཁོངས་དེའི་དེ་སྔའི་ཐང་རྒོད་དག་ཚང་ཚིང་ལྗོན་ཤིང་དུ་གྱུར་ནས་ས་གནས་དེ་གའི་རང་བྱུང་གསོ་རླུང་མཁོ་འདོན་ཁང་ལྟ་བུར་འགྱུར་རྒྱུ་རེད། འདི་ནི་རྣམ་གྲངས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པའི་ཤེ་ཀེར་སྤྱི་གླིང་མཛའ་གྲོགས་ཐང་ཆེན་གྱི་སྒྱུ་རྩལ་ལྡུམ་ར་ཡིན་པ།

    ⇑ འདི་ནི་ཀྲུང་གོ་འབྲུ་རིགས་རྒྱལ་སྤྱིའི་པར་ཙིར་ཧྲེང་པའོ་ལུའོ་ཀྲོའུ་ཡི་པོ་ཏི་ལུན་ཏ་པར་ཡོད་པའི་མངར་ཆ་བཟོ་གྲྭའི་གསར་དུ་བསྐྲུན་པའི་བཙོག་ཆུ་གཙང་གསིང་མ་ལག་ཡིན་པ། ཨོ་ཏེར་མོ་·ཟེ་ལ་ནོའོ་ཡིས་པར་བརྒྱབ།

    ⇐ ཀྲུང་གོ་འབྲུ་རིགས་རྒྱལ་སྤྱིའི་པར་ཙིར་ཧྲེང་པའོ་ལུའོ་ཀྲོའུ་ཡི་པོ་ཏི་ལུན་ཏ་པར་ཡོད་པའི་མངར་ཆ་བཟོ་གྲྭའི་ཆུ་གྲོན་ཆུང་གི་གསར་གཏོད་ལག་རྩལ་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། འདི་ནི་པར་ཙིར་ལྷོ་ནུབ་རྒྱུད་ཀྱི་བུར་ཤིང་འདེབས་འཛུགས་ར་བར་ཀྲུང་གོ་འབྲུ་རིགས་རྒྱལ་སྤྱིས་སྙིགས་དོར་བཅུད་ལེན་བྱས་པའི་སྦང་མས་རྫས་འགྱུར་ལུད་ཀྱི་སྐྱེ་དངོས་ཀྱི་ཚབ་བྱས་ནས་ལུད་རྒྱག་པ། ཨོ་ཏེར་མོ་·ཟེ་ལ་ནོའོ་ཡིས་པར་བརྒྱབ།

    འདི་ནི་ཨེ་ཙེ་ཨོ་ཕི་ཡའི་གཙང་པོའི་ཆུ་ངོགས་ཀྱི་ལྗང་མདོག་འཕེལ་རྒྱས་རྣམ་གྲངས་ཤེ་ཀེར་སྤྱི་གླིང་མཛའ་གྲོགས་ཐང་ཆེན་གྱི་ལྟེ་བའི་ཐང་ཆེན་ཁུལ་ཡིན་པ། ཀྲོ་ཞོའུ་ཡུས་ཀྱིས་པར་བརྒྱབ།

    ⇑ ཀྲུང་གོ་ཤར་ཕྱོགས་གློག་ཤུགས་ཚོགས་པ་ཚད་ཡོད་ཀུང་སིས་འགན་གཙང་བླངས་པའི་ཨུ་ཟ་བྷེ་ཁི་སི་ཐན་ས་མར་ཧན་གྱི་ཀྲའོ་ཝ་220ཡི་སྤེལ་རྒྱུག་འོད་ཤུགས་རྣམ་གྲངས་དེ། 2024ལོའི་ཟླ་4པར་ཤོང་ཚད་ཡོངས་ཀྱི་དྲ་སྦྲེལ་གློག་འདོན་ཐུབ་པ་དང་། སྔོན་དཔག་བྱས་ན་ཨུ་ཟ་བྷེ་ཁི་སི་ཐན་གྱི་དུད་ཚང་ཁྲི་26.4ཡི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་པ་དང་། ལོ་ལྟར་དབྱང་གཉིས་ཐན་འགྱུར་འབུད་ཚད་ཏུན་ཁྲི་23.7ཙམ་ཉུང་དུ་འགྲོ་རྒྱུ་རེད། ཀྲུའུ་པའོ་ཡིས་པར་བརྒྱབ།

    ཧིན་རྡུ་ཉི་ཞི་ཡའི་ཁ་ལ་ཝང་གི་ཀྲའོ་ཝ་100ཡི་འོད་ཤུགས་རྣམ་གྲངས་དང་། ཨེ་ཙེ་ཨོ་ཕི་ཡ་ཆུ་ངོགས་ཀྱི་ལྗང་མདོག་འཕེལ་རྒྱས་རྣམ་གྲངས། ཨུ་ཟ་བྷེ་ཁི་སི་ཐན་ས་མར་ཧན་གྱི་ཀྲའོ་ཝ་220ཡི་སྤེལ་རྒྱུག་འོད་ཤུགས་རྣམ་གྲངས་སོགས་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལྗང་མདོག་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ནས་མཉམ་སྐྲུན་རྒྱལ་ཁབ་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་མ་ཟད། མཉམ་སྐྲུན་རྒྱལ་ཁབ་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལའང་སྐུལ་འདེད་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།