མི་སྤྱི་པུས་2024ལོའི་རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱེད་སྒོ་སྤེལ་རྒྱུ་ཡིན་པ།
མི་སྤྱི་པུས་ཟླ་12ཚེས་1ནས་31ཉིན་བར་རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱེད་སྒོ་སྤེལ་ནས། 2025ལོའི་མཐོ་སློབ་སློབ་ཐོན་སློབ་མ་དང་། ལོ་གོང་མའི་སློབ་གྲྭ་ཐོན་ཡང་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་སོགས་གཞི་རིམ་ཞབས་ཞུའི་རྣམ་གྲངས་ཀྱི་མི་སྣར་ལས་ཞུགས་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
ཆེད་དོན་བྱེད་སྒོ་སྤེལ་རིང་། ས་གནས་ཁག་གི་མི་སྤྱི་སྡེ་ཚན་དང་། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་སྒྲིག་གཞི་ཁག རྒྱལ་ཁབ་རིམ་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ལས་གླིང་། ཤེས་ལྡན་པའི་ཁྲོམ་ར་བཅས་ཀྱིས་ཁྲོམ་ར་ཅན་གྱི་གདན་ཞུའི་ལས་གནས་རྒྱ་ཁྱབ་ངང་རྒྱ་སྐྱེད་དང་། གཞི་ཁྱོན་ཆེ་བའི་དྲ་ཐོག་གདན་ཞུ། ཐད་གཏོང་ལས་གནས་སྒྲོག་འགྲེལ། ལས་ཞུགས་མཛུབ་ཁྲིད་དང་ལས་རིགས་ཉམས་ལེན། དྲ་ཐོག་ཚད་ལེན་ཚོད་ལྟ་དང་རྒྱུགས་ལེན་ཞབས་ཞུ། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་སློབ་གྲྭར་ཁྱབ་གདལ་གཏོང་བ་དང་དེ་བཞིན་དྲ་ཕྱིའི་གདན་ཞུའི་བྱེད་སྒོ་གསར་གཏོད་ངང་སྤེལ་ནས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་ཐུབ་པ་དང་འཇོན་ཐང་ཅན་ལ་འགྱུར་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད།