དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་དྲ་རྒྱའི་པར་དབང་སྲུང་སྐྱོབ་དང་འཕེལ་རྒྱས་ཚོགས་ཆེན་སྐབས་བརྒྱད་པ་ཀུའེ་དབྱང་དུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-12-01

    རྒྱལ་ཁབ་པར་དབང་ཅུས་ཀྱིས་གཙོ་གཉེར་དང་ཀུའེ་ཀྲོའུ་ཞིང་ཆེན་པར་དབང་ཅུས་དང་ཀུའེ་དབྱང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཉེར་རོགས་བྱས་པའི་ཀྲུང་གོའི་དྲ་རྒྱའི་པར་དབང་སྲུང་སྐྱོབ་དང་འཕེལ་རྒྱས་ཚོགས་ཆེན་སྐབས་བརྒྱད་པ་ཟླ་11ཚེས་28ཉིན་ཀུའེ་དབྱང་དུ་འཚོགས་པ་རེད།

    ད་རེས་ཀྱི་ཚོགས་ཆེན་གྱིས“པར་དབང་གི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། “པར་དབང་གི་ཁྲིམས་སྒྱུར་སྲུང་སྐྱོང་ལ་ཤུགས་སྣོན”དང་། “AIGCཡི་པར་དབང་གི་གནད་དོན་འཚོལ་ཞིབ” “གཙོ་གནད་ལས་རིགས་ཀྱི་མཉེན་ཆས་དངོས་པར་ཅན་གྱི་ལས་དོན་ལ་སྐུལ་འདེད་མུ་མཐུད་གཏོང་བ” “དྲ་རྒྱའི་ཁོར་ཡུག་ཁྲོད་ཀྱི་རླུང་འཕྲིན་རྩ་འཛུགས་ཀྱི་དབང་ཆ་སྲུང་སྐྱོང་དང་གསར་གཏོད་འཕེལ་རྒྱས” “འཁྲབ་གཞུང་ཐུང་གྲས་ལས་རིགས་ཀྱི་པར་དབང་སྲུང་སྐྱོང་དང་འཕེལ་རྒྱས” “ཚན་རྩལ་གྱིས་གྲངས་འཛིན་རོལ་དབྱངས་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ” “དྲ་ཚིགས་ལས་སྟེགས་ཀྱི་པར་དབང་མཉམ་བཅོས་མཉམ་སྐྲུན” “རིག་རྫས་དང་རིག་གནས་བསམ་བཀོད་ཀྱི་པར་དབང་སྲུང་སྐྱོབ་དང་གསར་གཏོད་འཕེལ་རྒྱས” “པར་དབང་གི་རྩོད་གཞི་སྣ་མང་ཅན་སེལ་བའི་ལམ་སྲོལ་གསར་པ”བཅས་ལ་དམིགས་ཏེ། ཚོགས་ཆུང་ཁག་བགོས་ནས་གྲོས་བསྡུར་དང་ཆེད་དོན་བགྲོ་གླེང་རབ་དང་རིམ་པ་བྱས་པ་རེད།

    ཚོགས་ཞུགས་སྐུ་མགྲོན་གྱིས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་། ཤེས་བྱའི་བདག་དབང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་པར་དབང་གི་བཅོས་སྐྱོང་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ། དྲ་རྒྱའི་པར་དབང་སྲུང་སྐྱོབ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། དྲ་རྒྱའི་པར་དབང་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དོ་དམ་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ནས། དྲ་རྒྱའི་པར་དབང་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།