དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནང་སོག་གིས་ཚན་རྩལ་གསར་གཏོད་ཐད་ནོར་འཛོལ་ཤོར་རུང་ལ་འགན་འཁྲི་བདའ་འདེད་མི་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-12-01

    ཉེ་ཆར། ནང་སོག་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས《ནང་སོག་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་གསར་གཏོད་ལས་དོན་ཐད་ནོར་འཛོལ་ཤོར་རུང་ལ་འགན་འཁྲི་བདའ་འདེད་མི་གཏོང་བའི་གསལ་ཐོ(ཚོད་ལྟའི་ལག་བསྟར)》(གཤམ་དུ“གསལ་ཐོ”ཞེས་བསྡུ་རྒྱུ)བཀྲམ་པ་དང་། དེའི་དམིགས་ཡུལ་ནི་ཚན་རྩལ་གསར་གཏོད་ཀྱི་རང་འགན་གཙང་སྒྲུབ་དང་ནོར་འཛོལ་ཤོར་རུང་ལ་འགན་འཁྲི་བདའ་འདེད་མི་གཏོང་བའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། གསར་གཏོད་ལ་སྐུལ་ལྕག་དང་ཕམ་ཉེས་ལ་བསམ་ཤེས་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད་རེད།

    གསལ་ཐོའི་ནང་། ཚན་རྩལ་གསར་གཏོད་བྱེད་རིང་འཕྲད་སྲིད་པའི་དཀའ་ངལ་ལ་བསམ་གཞིག་གང་ལེགས་བྱེད་པ་དང་། ཚན་ཞིབ་རྣམ་གྲངས་ལ་དོ་དམ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས། ཚན་ཞིབ་ཚན་པ་དང་། དོ་དམ་མི་སྣ། ཚན་ཞིབ་མི་སྣ་བཅས་ཀྱི་ནོར་འཛོལ་ཤོར་རུང་ལ་འགན་འཁྲི་བདའ་འདེད་མི་གཏོང་བར་དམིགས་ཏེ་ཞིབ་ཕྲའི་བྱ་ཐབས་ཁག་13བཏོན་ཡོད།

    གསལ་ཐོའི་ནང་། ཚན་ཞིབ་ཚན་པ་ཁག་དང་དེ་བཞིན་དོ་དམ་མི་སྣས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རིང་ཉམས་མྱོང་མེད་པ་དང་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱས་པའི་དབང་གིས་ནོར་འཛོལ་དང་ནོར་འཁྲུལ་ཐོན་རུང་གྱོང་གུན་ཚབས་ཆེན་བཟོས་མེད་རིགས་ལ་ནོར་འཛོལ་ཤོར་རུང་འགན་འཁྲི་བདའ་འདེད་མ་བཏང་ན་འགྲིག་པ་དང་། ཚན་ཞིབ་མི་སྣས་འབྲེལ་ཡོད་གཏན་འབེབས་ལྟར་ཚན་རྩལ་གསར་གཏོད་ཀྱི་ལས་དོན་སྤེལ་བ་དང་རང་འགན་འབད་སྒྲུབ་ཀྱིས་འོས་འགན་ལག་བསྟར་བྱེད་རིང་། རང་སྣང་དང་རྐང་བཙུགས་ནས་མ་ཡིན་པར་ཚན་རྩལ་ཞིབ་འཇུག་གསར་སྤེལ་གྱི་རྣམ་གྲངས་ལག་བསྟར་ལམ་ལྷོངས་མ་བྱུང་བའི་རིགས་ལ་འགན་འཁྲི་བདའ་འདེད་མ་བཏང་ན་འགྲིག་ཚུལ་ཁ་གསལ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།