ནན་ཅིང་གྲོང་ཁྱེར་གྱིས་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གང་མགྱོགས་བསྐྲུན་པ།
ཉེ་བའི་ལོ་ཤས་རིང་། ཅང་སུའུ་ནན་ཅིང་གྲོང་ཁྱེར་གྱིས་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གང་མགྱོགས་བསྐྲུན་པས། ཉིན་གཅིག་ལ་གོ་ལ་ཧྲིལ་པོ་དང་སྦྲེལ་མཐུད་ཐུབ་པ་དང་། ཉིན་ཕྱེད་ལ་རྒྱལ་ཡོངས་སུ་ཤར་སྐྱོད་ཐུབ་པ། ཆུ་ཚོད་གཅིག་ལ་འབྲི་ཆུའི་ཟུར་གསུམ་གླིང་གི་གྲོང་ཁྱེར་གཙོ་བོར་ཐོགས་མེད་དུ་སྐྱོད་ཐུབ་པ་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་བཞིན་ཡོད་ཅིང་། འདི་ནི་ཟླ་11ཚེས་28ཉིན་པར་བླངས་པའི་ནན་ཅིང་གྲོང་ཁྱེར་ལི་ཧྲུའེ་ཆུས་ཀྱི་ཀུའེ་ཀྲོང་ལྟེ་བའི་ལམ་བུ་ཡིན་པ།