ཟླ་10པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དཔལ་འབྱོར་འཁོར་རྒྱུག་སྤྱིར་ན་ལེགས་པ།
ཚེས་27ཉིན། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། འཕར་ཚད་ཀྱི་སྲིད་ཇུས་མང་དག་ལག་ལེན་བསྟར་བ་སོགས་ཀྱི་སྐུལ་ཁྲིད་ལ་བརྟེན་ནས་ཟླ་10པར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་ལེགས་སུ་ཕྱིན་ཏེ་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དང་། གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད། འགྲུལ་རྒྱུན་སོགས་ཀྱི་དམིགས་ཚད་གཙོ་བོའི་འཕར་ཚད་ཟླ་གོང་མ་ལས་ཅུང་འཕར་ཡོད་པ་རེད།
ཟླ་དང་པོ་ནས་བཅུ་པའི་བར། ཚོང་གཉེར་རང་བཞིན་གྱི་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར་466.5ཟིན་པ་དེ་དུས་མཚུངས་ལས་3.3%འཕར་ཡོད་པ་རེད། དེའི་ནང་གཞུང་ལམ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་343.6ཟིན་པ་དེ་དུས་མཚུངས་ལས་3.2%འཕར་བ་དང་། ཆུ་ལམ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་80.2ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་4.6%འཕར་ཡོད་པ་རེད། དེའི་ནང་ཟླ་10པར་ཚོང་གཉེར་རང་བཞིན་གྱི་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར་50.2ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས་3.9%འཕར་ནས་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.6འཕར་ཡོད་པ་རེད།
ཟླ་དང་པོ་ནས་བཅུ་པའི་བར། གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་145.1ཟིན་པ་དེ་དུས་མཚུངས་ལས་3.4%འཕར་ཡོད་པ་རེད། དོས་སྒམ་འདོན་འཇུག་བྱེད་ཚད་ཚད་ལྡན་སྒམ་དུང་ཕྱུར་2.8ཟིན་པ་དེ་དུས་མཚུངས་ལས་7.6%འཕར་ཡོད་པ་རེད།
ཟླ་དང་པོ་ནས་བཅུ་པའི་བར། ས་ཁོངས་བསྒྲལ་བའི་འགྲུལ་རྒྱུན་མི་ཐེངས་དུང་ཕྱུར་549.3ཟིན་པ་དེ་དུས་མཚུངས་ལས་5.5%འཕར་ཡོད་པ་རེད།