དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཐོག་བུད་མེད་ཀྱི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་བརྒྱ་བསྟན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-30

    ཟླ་11ཚེས་28ཉིན། ཕྲུ་གུ་ཚོས་འགྲེམས་སྟོན་ལ་བསྟན་པའི་འཕྲུལ་མིར་ལྟ་བཞིན་པ།

    ཟླ་11ཚེས་28ཉིན། འཇིག་རྟེན་འཕུར་སྐྱོད་པ་ཝང་ཡཱ་ཕིང་གིས་རང་ཉིད་ཀྱི་བུ་མོ་དང་མཉམ་དུ་འགོ་ཚུགས་མཛད་སྒོར་བར་སྣང་དུ་སྐར་ཁྱིམ་དང་འགྲོགས་པའི་ཨ་མའི་སྣང་བརྙན་འཁྲབ་བཞིན་པ།

    ཟླ་11ཚེས་28ཉིན། བུ་མོ་ཆུང་ཆུང་ཞིག་གིས་འགྲེམས་སྟོན་གྱི་VRསྒྲིག་ཆས་ལ་མྱོང་རོལ་བྱེད་བཞིན་པ།

    ཟླ་11ཚེས་28ཉིན། ཀྲུང་གོའི་ཚན་རིག་མཁས་ཅན་གཞོན་ནུ་མའི་ཚན་རྩལ་བྱ་དགའི་ཚོགས་པའི་བྱ་དགའ་ཐོབ་མཁན་གྱི་འཐུས་མི་ཧྲེང་མིན་གྱིས་འགོ་ཚུགས་མཛད་སྒོར་གཏམ་བཤད་སྤེལ་བཞིན་པ།

    ཟླ་11ཚེས་28ཉིན། གཞོན་ནུའི་འཐུས་མིས་བྱེད་སྒོར་སྙན་ངག་གྱེར་འདོན་བྱས་ནས་བུད་མེད་ཚན་རྩལ་ལས་དོན་པར་གུས་ལུགས་མཚོན་པར་བྱེད་པ།

    ཟླ་11ཚེས་28ཉིན། བུ་མོ་ཆུང་ཆུང་ཞིག་གིས་འགྲེམས་སྟོན་ལ་མིག་མངས་སྦྱོང་ཆས་རྩེ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། “བུད་མེད་ཀྱི་ཚན་རྩལ། གསར་གཏོད་ཀྱི་འབྱུང་འགྱུར—ཚན་རྩལ་གསར་གཏོད་བུད་མེད་ཀྱི་བྱ་སྤྱོད་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ཚེས་28ཉིན་ཀྲུང་གོའི་བུད་མེད་དང་བྱིས་པའི་རྟེན་མཛོད་ཁང་དུ་འགོ་ཚུགས་པ་རེད།

    འགྲེམས་སྟོན་ལ“བུད་མེད་ཀྱི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་བརྒྱ”གཙོ་བོར་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་པར་དང་། དཔེ་རིས། དངོས་རྫས། མཉམ་འགུལ་སྒྲིག་ཆས་སོགས་ལས་རྒྱ་ཆེའི་བུད་མེད་ཚན་རྩལ་ལས་དོན་པའི་གྲངས་འཛིན་ཆ་འཕྲིན་ལག་རྩལ་དང་། ནུས་རྒྱུ་གསར་པ། རྩེར་སོན་བཟོ་སྐྲུན། ཚེ་སྲོག་གི་ཚན་རིག་སོགས་རྒྱལ་ཁབ་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་བྱས་པར་བུད་མེད་ཚན་རིག་མཁས་ཅན་དང་ཁང་གཉིས་ཀྱི་བུད་མེད་ཡོན་ཧྲི་ཕུལ་བྱུང་བརྒྱ་ཡི་ལེགས་སྐྱེས་དང་ཉམས་བཟང་མངོན་ཡོད།

    འགྲེམས་སྟོན་དེ་ནི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཤིན་ཧྭ་གསར་འགྱུར་ཁང་གིས་གཙོ་གཉེར་བྱས་ཤིང་། ཤིན་ཧྭ་གསར་འགྱུར་ཁང་གི་རྩ་ཆེའི་པར་རིས་ལེཌ་འདེམས་དང་མི་བརྒྱ་ལྷག་ཙམ་གྱི་ཆེད་བྲིས་བསྡུ་རུབ་བྱས་ནས་མཐོང་ཆོས་སུ་གྱུར་པའི་དཔེ་རིས་བཟོས་པ་དང་། བརྙན་པར་ལ་བརྟེན་ནས་བུད་མེད་ཀྱི“ཚན་རྩལ་གསར་གཏོད་བྱ་སྤྱོད”ལ་རམ་འདེགས་བྱས་ཡོད། འགྲེམས་སྟོན་2025ལོའི་ཟླ་3པའི་ཟླ་མཇུག་བར་མུ་མཐུད་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།