དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སི་ཁྲོན་ཚང་ཤིས་ཀྱིས་རི་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་དམངས་ཕྱུག་གྲོང་དར་གྱི་ལམ་བུ་གསར་པ་གཏོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཝང་མིང་ཧྥུང་།   |     སྤེལ་དུས།  2024-11-30

    “དེ་གར་གསོམ་ཤིང་མང་ལ་ཤིང་འབྲས་ལྡུམ་ར་མང་བས་བྱ་ནག་གསོ་བར་ཧ་ཅང་འཚམ་པོ་ཡོད། མཉམ་ལས་ཁང་གིས་ང་ཚོར་བྱ་ཕྲུག་དང་ལག་རྩལ་མཁོ་འདོན་བྱས་པ་མ་ཟད། བཤས་བྱ་ཚུར་བསྡུའི་འགན་བླངས་པས་ང་ཚོས་བྱ་དེ་གསོ་སྐབས་བློ་བདེ་པོ་འདུག”ཅེས་ཉེ་དུས་སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཁྱེར་ཚང་ཤིས་རྫོང་ཝུའུ་ལུང་གྲོང་རྡལ་ཅ་ལུང་གྲོང་ཚོར་གནས་པའི་ལུའུ་ཀྲོའུ་གྲོང་ཁྱེར་ཝུའུ་མོང་ཧྲན་མཁོ་འཚོང་མཉམ་ལས་ཁང་གི་བྱ་ཕྲུག་གསོ་སྤེལ་རྟེན་གཞིར་ལག་ཏུ་རག་མ་ཐག་པའི་བྱ་ཕྲུག་ནག་པོ་100ཙམ་ལ་ལྟ་བཞིན་ཅ་ལུང་གྲོང་ཚོའི་ཚོགས་ཆུང་གསུམ་པར་སྡོད་པའི་དབུལ་སྒྲོལ་དུད་ཚང་ཀྲང་ཐུའུ་ཝུན་གྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་དུ་བཤད། དེ་ཉིན་གྲོང་ཚོ་དེའི་དབུལ་སྒྲོལ་དུད་ཚང་དང་ལྟ་ཞིབ་ཚད་ལེན་དུད་ཚང་44ཡིས་བྱ་ཕྲུག་4500བླངས་ཡོད་པ་རེད།

    “རྣམ་གྲངས་དུས་ཐེངས་གཉིས་ལ་དབྱེ་ཞིང་། དུས་ཐེངས་དང་པོར་མ་དངུལ་སྒོར་ཁྲི་30བཏང་ནས་ཅ་ལུང་གྲོང་ཚོའི་ཚོགས་ཆུང་གསུམ་པར་ས་ཞིང་མུའུ་90ནང་བཤུག་བཏང་སྟེ་སྨི་ངོས་གྲུ་250ཟིན་པའི་བྱ་ཕྲུག་གསོ་སྤེལ་རྟེན་གཞི་དང་སྨི་ངོས་གྲུ་200ཟིན་པའི་ནགས་ཁྲོད་སྐྱེ་ཁམས་གསོ་སྤེལ་དཔེ་སྟོན་རྟེན་གཞིའི་བྱ་ཚང་བསྐྲུན་ཡོད”ཅེས་ལུའུ་ཀྲོའུ་ནས་ཚང་ཤིས་རྫོང་ཝུའུ་ལུང་གྲོང་རྡལ་དུ་ཀྲེན་ཀྲང་གཞོན་པར་གནས་སྦྱར་བྱས་པའི་ཁྲེན་ཞུའེ་ཅུན་གྱིས་བཤད།

    “བྱ་ཕྲུག་སྤྲོད་པ་དང་ཚོང་བྱ་ཉོ་སྒྲུབ་བྱེད་སྐབས། མཉམ་ལས་ཁང་གིས་བྱ་དེ་རེར་སྒོར་2ཀྱི་རིན་གོང་ལྟར་ཅ་ལུང་གྲོང་ཚོར་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་གསོག་བྱར་བརྩིས་ནས་ཕྱིར་སྤྲོད་བྱས་ཡོད”ཅེས་ཅ་ལུང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་མོའུ་ཡུང་ཅུན་གྱིས་ངོ་སྤྲོད་བྱས། གྲོས་མཐུན་ལ་གཞིགས་ཚེ། 2025ལོའི་ལོ་མཇུག་ཏུ་སླེབས་སྐབས། ཅ་ལུང་གྲོང་ཚོར་སྔོན་དཔག་ལྟར་ན་དུད་ཚང་250ཡི་ཡུལ་མིས་བྱ་ནག་གསོ་ཐུབ་རྒྱུ་ཡིན་པ་དེས་མི་སེར་ལ་ཡོང་འབབ་བརྟན་པོ་ཡོང་རྒྱུ་མ་ཟད་འདི་ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་5འཕར་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།