དབུ་ཤོག
  • ཟམ་པ་འདིར་རླངས་འཁོར་ཤར་གཏོང་ཐུབ་པའི་དུས་ཚོད་གཏན་འཁེལ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-11-29

    ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་ཡིན་པའི་མཉེས་ཐང་ཟམ་ཆེན་སྔོན་དཔག་བྱས་ན་2025ལོའི་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་པའི་ཚད་ལ་སླེབས་རྒྱུ་ཡིན་པ་དང་། 2026ལོའི་ཟླ་5པར་ཕྱོགས་ཡོངས་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད། 

    རྣམ་གྲངས་དེ་2024ལོའི་ཟླ་6ཚེས་11ཉིན་ལས་འགོ་ཚུགས་པ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་3.94བཏང་ཡོད། སྤྱིའི་རིང་ཚད་ལ་སྤྱི་ལེ་1.81དང་ཞེང་ཚད་ལ་སྨི་23.5ཡོད་པའི་ཟམ་པ་དེའི་སྟེང་དུ་འཁོར་ལམ་4ཡོད་ཅིང་། ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་50བསྐྱོད་ཆོག་གི་ཡོད་པ་རེད།

    ཟམ་པ་དེ་བསྐྲུན་ཟིན་རྗེས། གནམ་ཐང་མྱུར་ལམ་དང་། སྟག་གདོང་། མཉེས་ཐང་བཟོ་ལས་གླིང་བཅས་གཞི་གཅིག་ཏུ་སྦྲེལ་ཐུབ་ནས། གྲོང་ཁྱེར་གྱི་འགྲིམ་འགྲུལ་སྟབས་བདེ་རུ་འགྲོ་རྒྱུ་དང་། མཉེས་ཐང་བཟོ་ལས་གླིང་དང་སྣེའུ་ཁུལ་གསར་བར་གྱི་འགྲོ་འོང་དེ་བས་སྟབས་བདེ་རུ་འགྲོ་རྒྱུ་མ་ཟད། མཉེས་ཐང་བཟོ་ལས་གླིང་དང་དེའི་མཐའ་འཁོར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།