དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་ཕུགས་འདུན་བཟང་པོ་མངོན་འགྱུར་ཡོང་བར་བྱས་པ།

    ​—— ཀྲུང་གོར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་བདེ་བླག་ངང་ཐོབ་པའི་འཛམ་གླིང་གི་དོན་སྙིང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2024-11-29

    “ཀྲུང་གོའི་དབུལ་སྒྲོལ་གྱི་ལོ་རྒྱུས་ལམ་རིས་ལས། ཆུའི་ཐིགས་པས་བྲག་ལ་ཨེ་ཁུང་རྟོལ་བ་དང་འཆར་གཞི་མཐར་ཕྱིན་པ་འགོད་པའི་སེམས་ཤུགས་དང་། སྙིང་རུས། འབད་འཐབ་བཅས་ལྡན་ན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་པོའི་གནད་དོན་ནི་ཐག་གཅོད་བྱེད་ཐུབ་ངེས་ཡིན་ལ། གཉོད་ཆུང་འདབ་ཆགས་ཡིན་རུང་གཞན་གྱི་སྔོན་ལ་འཕུར་ཐུབ་ལ་མཐོན་པོར་འཕུར་ཐུབ་པའི་ར་སྤྲོད་བྱུང་ཡོད། ཀྲུང་གོར་གྲུབ་འབྲས་ཐོབ་པ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལའང་ཐོབ་ངེས་རེད” ཉིན་ཤས་གོང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་གྱི་གྲོང་ཁྱེར་ལི་གཡོད་རེ་ནེ་ལུར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཞུགས་སྐབས“བཀྲེས་ལྟོགས་དང་དབུལ་ཕོངས་ལ་འགོག་རྒོལ”ཞེས་པའི་གྲོས་གཞིར་དམིགས་ཏེ། 《ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་གཞུང་དྲང་གི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ནས། ཀྲུང་གོར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཀྱི་རྒྱལ་ཁ་བདེ་བླག་ངང་ཐོབ་པའི་ཉམས་མྱོང་དང་འཛམ་གླིང་གི་དོན་སྙིང་རྒྱས་བཤད་གཏིང་ཟབ་གནང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ངོས་འཛིན་གཅིག་མཐུན་ཆེན་པོ་བྱུང་ཡོད།

    “རྒྱལ་ཁབ་སྐྱོང་བའི་གཞི་རྐང་ནི་དམངས་ཕན་རྩ་བར་འཛིན་རྒྱུ་དེའོ”ཞེས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱུན་དུ་འདྲེན་གནང་བའི་ཀྲུང་གོའི་གནའ་གཏམ་དེ་ལས་ཀྲུང་གོ་གུང་ཁྲན་ཏང་མིའི་རིན་ཐང་དོན་གཉེར་བྱེད་ལུགས་མཚོན་གྱི་ཡོད། ཀྲུང་གོར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་བདེ་བླག་ངང་ཐོབ་པ་དང་དབུལ་པོ་ཉུང་གཏོང་བཅོས་སྐྱོང་གི་ཀྲུང་གོའི་མ་དཔེ་ཞིག་བཏོད་ཐུབ་པའི་འགག་རྩ་ནི། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས“ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་གཅིག་ཀྱང་མི་ལུས་པ་བྱེད་རྒྱུའི”ཁས་ལེན་བརྗིད་ཉམས་ངང་བྱས་པས་རེད།

    དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་མཁན་སྲིད་འཛིན་ཏང་ཡིན་ན། གཞི་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཆབ་སྲིད་དང་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་ཐུབ། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དབུལ་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་7སྔ་རྗེས་སུ་གཙོ་སྐྱོང་གནང་བ་དང་། དབུལ་སྐྱོར་ལས་དོན་ལ་བརྟག་ཞིབ་ཐེངས་50ལྷག་ཙམ་གནང་བ། གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14རུ་ཕེབས་ཡོད། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་སེམས་མཐུན་སྟོབས་སྒྲིལ་དང་དཀའ་སྤྱད་འབད་འཐབ་ཀྱིས་གནད་སྨིན་དབུལ་སྐྱོར་མཐའ་འཁྱོངས་དང་། དཔལ་འབྱོར་འཕེལ་རྒྱས་ཁྲོད་དབུལ་སྐྱོར་མཐའ་འཁྱོངས། ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དབུལ་སྐྱོར་མཐའ་འཁྱོངས། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་དབུལ་སྐྱོར་མཐའ་འཁྱོངས་བཅས་བྱས་ཏེ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་ཤུགས་ཚད་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་ནས་མཛད་རྗེས་ལོ་རྒྱུས་ཐོག་འཁོད་པའི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད། “ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོར་ཇི་ལྟར་བྱས་ནས་ཤིན་ཏུ་དབུལ་བའི་གནས་ལས་བསྒྲལ་ཏེ་སྟོབས་དང་ལྡན་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་བ་བྱེད་དགོས་ལུགས་སློབ་སྟོན་གནང་ཡོད། ཁོང་ནི་ང་ཚོས་སློབ་སྦྱོང་བྱེད་སའི་མིག་དཔེ་ཡིན”ཞེས་དང“ང་ཚོས་ཀྲུང་གོའི་ས་ནས་ཡོང་མི་སྲིད་པ་མེད་པའི་གནས་ལུགས་རྟོགས་བྱུང”ཞེས་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེས་གསུངས།

    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་པ་ནི་ཀྲུང་གོར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཐོབ་པའི་ཉམས་མྱོང་གལ་ཆེན་རེད། དེ་ལས་རྒྱལ་ཁབ་ཁག་གིས་དབུལ་པོ་ཉུང་གཏོང་གི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱ་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་མང་ཚོགས་ལ་བརྩེ་སེམས་ཟབ་མོ་འཆང་བཞིན་དབུལ་སྒྲོལ་འགག་སྒྲོལ་བྱེད་པ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་དབུལ་པོའི་ཁྲོད་ཀྱི་དབུལ་པོ་དང་འགག་གནད་ཁྲོད་ཀྱི་འགག་གནད་ལས་བསྒྲལ་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་ཉི་འོད་གང་སར་འཕྲོ་བར་བྱས་ཡོད། དེ་ལས་གྲངས་ལས་འདས་པའི་མིའི་ལས་དབང་ལ་འགྱུར་ལྡོག་ཕྱིན་པ་དང་། གྲངས་ལས་འདས་པའི་མིའི་ཕུགས་འདུན་འགྲུབ་པ། གྲངས་ལས་འདས་པའི་མིར་བདེ་སྐྱིད་ཐོབ་ཡོད། ཀྲུང་གོར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཐོབ་པ་དེ་ཐོག་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཚེ། གཞི་ནས་མི་དམངས་ལ་བདེ་སྐྱིད་ངོ་མ་སྐྲུན་ཐུབ་པ་མཚོན་གྱི་ཡོད། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཕུའུ་ཡིས《དབུལ་སྒྲོལ》ཞེས་པའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཡི་གེའི་པར་གཞིའི་གླེང་གཞིའི་ནང“ང་ཚོས་དེབ་དེའི་ནང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་དགོངས་ཟབ་མོ་དང་རྒྱལ་གཅེས་བརྩེ་སེམས་མཐོང་བ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་རླབས་ཆེན་གྱི་བྱ་གཞག་དེའི་ནང་ཞུགས་ཏེ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་དང་མཉམ་དུ་རང་ཉིད་ཀྱི་ཡོད་ཚད་དབུལ་སྐྱོར་བྱ་གཞག་ལ་ལེགས་སྐྱེས་འབུལ་གྱི་ཡོད་པ་ཤེས་བྱུང”ཞེས་བྲིས་ཡོད།

    “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རིང་གཅིག་ཀྱང་མི་ལུས་པ་བྱེད་དགོས་པ”ནས“དེང་རབས་ཅན་གྱི་ལམ་བུའི་ཐོག་གཅིག་ཀྱང་མི་ལུས་པ་དང་རྒྱལ་ཁབ་གཅིག་ཀྱང་རྗེས་ལུས་མི་ཐེབས་པ་བྱེད་དགོས་པའི”བར། ཀྲུང་གོས་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཡོངས་མི་དམངས་ལ་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བར་གཞོལ་བ་མ་ཟད། ཐུན་མོང་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཁབ་ཁག་གི་མི་དམངས་ཚང་མ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱ་རྒྱུར་ཡང་གཞོལ་བཞིན་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཀྲུང་གོས་རང་ཉིད་གཅིག་པུ་ཡག་པོ་ཡོང་བའི་བསམ་འདུན་མི་འཆང་བར། མེ་ཏོག་མཉམ་བཞད་བྱུང་སྟེ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་དེང་རབས་ཅན་མངོན་འགྱུར་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ནན་བཤད་གནང་བ་མ་ཟད། ད་དུང་ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་ཁག་བརྒྱད་ཁྱབ་བསྒྲགས་གནང་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་ཡང་གནང་ཡོད། དེ་ལས་རང་ཚུགས་གཞན་སྐྱོར་གྱི་བློ་རྒྱ་ཆེན་པོ་མངོན་ཡོད། ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་པ། དབུལ་པོ་ཉུང་གཏོང་དང་འབྲུ་རིགས་བདེ་འཇགས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པ་སོགས། ཀྲུང་གོས་རང་ངོས་ཀྱི་ལག་ལེན་དང་ཉམས་མྱོང་ཕུན་སུམ་ཚོགས་པར་གཞི་བཙུགས་ཏེ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འཕེལ་རྒྱས་དེ་བས་ཡག་པོ་ཡོང་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་པར། རྒྱལ་སྤྱིའི་མི་སྣས་ཀྲུང་གོ་ནི“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས”རེད་ཅེས་བརྗོད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།