དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧོང་ཏུ་ར་སིའི་ནུབ་རྒྱུད་ཁོ་ཧྥན་ཞིང་ཆེན་གྱི་ཀོག་ཧྥེའི་ལྡུམ་རར་བསྐྱོད་པ།

    ——“ཀྲུང་གོའི་འཛད་སྤྱོད་པའི་ཀོག་ཧྥེ་ཡི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་ཐུབ་པའི་རེ་བ་ཡོད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-29

    འདི་ནི་ས་གནས་དེ་གའི་ཀོག་ཧྥེ་མཉམ་ལས་ཁང་གིས་བསྐམས་ནས་ཕྱིར་གཏོང་རྩིས་ཡོད་པའི་ཀོག་ཧྥེ་ཡིན་པ།

    འདི་ནི་ས་གནས་དེ་གའི་ཀོག་ཧྥེ་མཉམ་ལས་ཁང་གི་ཀོག་ཧྥེ་ལག་རྩལ་པས་ཡུལ་སྐོར་བར་ཀོག་ཧྥེ་བཟོ་བཞིན་པ།

    འདི་ནི་ས་གནས་དེ་གའི་ཀོག་ཧྥེ་མཉམ་ལས་ཁང་གི་ཀོག་ཧྥེའི་ལྡུམ་ར་ཡིན་པ།

    ལོ་ལྟར་གྱི་ཟླ་10པ་ཙམ་ལ་ཧོང་ཏུ་ར་སིའི་ཀོག་ཧྥེ་ཡི་ལོ་ལེགས་དུས་ཚིགས་འཁེལ་གྱི་ཡོད། ཞོགས་པའི་ཆུ་ཚོད་5པར། ཧོང་ཏུ་ར་སིའི་ནུབ་རྒྱུད་ཁོ་ཧྥན་ཞིང་ཆེན་ཁོར་ཅིན་གྲོང་ཁྱེར་དང་གྲོང་རྡལ་གྱི་ཀོག་ཧྥེའི་ལྡུམ་རར་མི་རྣམས་ཀྱིས་ཀོག་ཧྥེའི་འབྲས་བུ་འཐུ་འགོ་ཚུགས། ཨ་ལུའུ་ཁོའི་ཀོག་ཧྥེ་མཉམ་ལས་ཁང་གི་ཅིང་ལི་ཏུའོ་ནཱ་ཏུའོ་ཡང་ཀོག་ཧྥེ་ལྡུམ་རར་ཚོང་ཤག་ལ་ཀོག་ཧྥེ་བསྐུར་རྩིས་བྱེད་བཞིན་འདུག “མི་རིང་བའི་གོང་། ང་ཚོས་ཀྲུང་གོའི་ཧྲང་ཧའེ་ལ་ཀོག་ཧྥེ་རྩེ་གྲ་ཁག་གཅིག་བསྐུར་པ་ཡིན། མིག་སྔར་མཉམ་ལས་ཁང་དང་ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་ཐོག་མའི་དུས་མཚམས་སུ་སླེབས་ཡོད་པས་ང་ཚོས་ཀྲུང་གོར་ཁྲོམ་རའི་ལས་སྒོ་སྔར་བས་ཆེ་རུ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ཏུའོ་ནཱ་ཏུའོ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར་བཤད།

    ཀོག་ཧྥེ་ནི་ཧོང་ཏུ་ར་སིས་ཕྱིར་གཏོང་བྱེད་པའི་ཞིང་ལས་ཐོན་རྫས་གཙོ་བོའི་གྲས་ཤིག་རེད། ཧོང་ཏུ་ར་སི་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་འདི་ལོའི་ཟླ་གཉིས་པར་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། ཀོག་ཧྥེའི་ཐོན་ལས་ཀྱིས་རྒྱལ་ཁབ་དེའི་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་30%ཙམ་བཟུང་ཡོད། ཧོང་ཏུ་ར་སི་ཀོག་ཧྥེ་མཐུན་ཚོགས་ཀྱི་གཞུང་ཕྱོགས་དྲ་བའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཧོང་ཏུ་ར་སིའི་རྒྱལ་ཡོངས་ཀྱི་ཞིང་ཆེན་18ཁྲོད་ཞིང་ཆེན་15ཡིས་ཀོག་ཧྥེ་འདེབས་པ་དང་ཁྱིམ་ཚང་ཁྲི་12ལྷག་ཙམ་གྱིས་ཀོག་ཧྥེ་ཐོན་སྐྱེད་བྱེད་པའི་ནང་92%ནི་ཐོན་སྐྱེད་བྱེད་མཁན་ཆུང་གྲས་ཡིན་པ་དང་7%ནི་གཞི་ཁྱོན་འབྲིང་བའི་ཐོན་སྐྱེད་བྱེད་མཁན་རེད། ཧོང་ཏུ་ར་སི་ཀོག་ཧྥེ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་མཱ་ལི་ཨའོ·སུའུ་ཨ་སུའོ་ཡིས་ཧོང་ཏུ་ར་སིའི་ཀོག་ཧྥེ་ཐོན་འབབ་མཐོ་པོ་ཡོད་པས་ཁྱིམ་ཚང་མང་པོ་ཞིག་གི་འབབ་ཁུངས་གཙོ་བོར་གྱུར་པ་མ་ཟད། རྒྱལ་ཁབ་ཀྱི་ཕྱི་དངུལ་འབབ་ཁུངས་གལ་ཆེན་ཞིག་ཀྱང་ཡིན་ཞེས་བཤད།

    2023ལོའི་ཟླ་9པར་ཧོང་ཏུ་ར་སིས་ཀྲུང་གོར་ཀོག་ཧྥེ་ཐོག་མར་གཏོང་འགོ་ཚུགས་ཤིང་། འདི་ལོའི་ཟླ་8པའི་བར་ཧོང་ཏུ་ར་སིའི་ཀོག་ཧྥེ་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཁུག་མ་ཁྲི་6དང་སྤྱི་རྒྱ་ཁྲི་276ལས་བརྒལ་ནས་རིན་ཐང་ཨ་སྒོར་ཁྲི་1100ལྷག་བྱུང་ཡོད།

    “ཧོང་ཏུ་ར་སིའི་ཀོག་ཧྥེའི་སྤུས་ཚད་ལེགས་པ་དང་ཀྲུང་གོའི་ཀོག་ཧྥེའི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། ང་ཚོས་ད་ཐེངས་ཀྱི་མཉམ་ལས་གོ་སྐབས་སུ་བྱས་ཏེ་ཐོན་སྐྱེད་གཞི་ཁྱོན་ཆེ་རུ་བཏང་ནས་ཚོང་ཤག་དེ་བས་མང་དུ་འགྲོ་བའི་རེ་སྒུག་བྱེད་ཀྱི་ཡོད་ལ། ཀྲུང་གོའི་འཛད་སྤྱོད་པའི་སྤུས་དག་ཀོག་ཧྥེ་ཡི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་ཐུབ་པའི་རེ་བ་ཡོད”ཅེས་ཏུའོ་ནཱ་ཏུའོ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།