དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་གིས“ལྷོ་ཆུ”འདྲེན་གཏོང་བྱེད་སྟངས་གཉིས་ལ་འགན་ལེན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-29

    གསར་འགོད་པར་པེ་ཅིང་གྲོང་ཁྱེར་ཆུ་དོན་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། པེ་ཅིང་གི་ལྷོ་ཆུ་བྱང་འདྲེན་གྱི་ལེ་ལག་ཚང་བའི་ལས་གྲྭའི་ཏ་ཤིན་ཉིང་ལག་ལམ་ཐིག་གི་གནམ་ཐང་གསར་པའི་ཆུ་བཟོ་གྲྭའི་སྦྲེལ་ཐིག་ལ་ཆུ་རྒྱོང་རྒྱུ་ལེགས་གྲུབ་བྱུང་བ་དེ་ཐོག་ནས་ཏ་ཤིན་ཉིང་ལག་ལམ་ཐིག་ལ་ཆུ་གཏོང་བའི་ཆ་རྐྱེན་སྤྱིར་ན་འཛོམས་ནས་པེ་ཅིང་གིས“ལྷོ་ཆུ”འདྲེན་གཏོང་བྱེད་སྟངས་གཉིས་ལ་འགན་ལེན་ཐུབ་པ་མཚོན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། པེ་ཅིང་གྲོང་ཁྱེར་གྱི་ལྷོ་ཆུ་བྱང་འདྲེན་གྱི་ལེ་ལག་ཚང་བའི་ལས་གྲྭའི་ཏ་ཤིན་ཉིང་ལག་ལས་གྲྭ་དེ་ནི་ཏ་ཤིན་ཉིང་ལག་ལས་གྲྭའི་གཙོ་ཐིག་དང་གནམ་ཐང་གསར་པའི་ཆུ་བཟོ་གྲྭའི་སྦྲེལ་ཐིག་གཉིས་ལས་གྲུབ་པ་ཞིག་རེད། འབྱུང་འགྱུར་ཏ་ཤིང་ཉིང་ལག་ལམ་ཐིག་བརྒྱུད་པེ་ཅིང་གིས་ད་དུང“ལྷོ་ཆུ”ཁག་གཅིག་ཧོ་པེར་གཏོང་ཐུབ་པ་བྱ་རྒྱུ་དང་། པེ་ཅིང་དང་ཧོ་པེར་ཕན་ཚུན་ཆུ་འདྲེན་དང་ཆུ་ཁུངས་གསབ་རེས་ཐུབ་རྒྱུ་ཡིན་པས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་དོན་སྙིང་གལ་ཆེན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།