དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དགུ་གསུམ་ཤེས་རིག་སློབ་ཚོགས་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-11-29

    ཟླ་11ཚེས་26ཉིན་དགུ་གསུམ་ཤེས་རིག་སློབ་ཚོགས་སྐབས་བཅོ་ལྔ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ནང་དོན་གཙོ་བོ་ནི་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དགུ་གསུམ་ཤེས་རིག་སློབ་ཚོགས་སྐབས་བཅོ་ལྔ་པའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་2024ལོའི་ལས་དོན་སྙན་སྒྲོན་དང་སྐབས་བཅོ་ལྔ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནང་ཁུལ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་2024ལོའི་ལས་དོན་སྙན་སྒྲོན་སོགས་ལ་གྲོས་ཞིབ་བྱེད་རྒྱུ་དེ་ཡིན། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ་ཡིས་དགུ་གསུམ་ཤེས་རིག་སློབ་ཚོགས་སྐབས་བཅོ་ལྔ་པའི་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་གིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཝུའུ་ཝེ་ཧྭ་ཡིས་གསུངས་དོན། ལོ་གཅིག་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། ཤེས་རིག་སློབ་ཚོགས་ཀྱི་ཚོགས་ཆེན་བཅུ་གཉིས་པ་དང་རང་ངོས་འཛུགས་སྐྱོང་གི་ལོ་ལྔའི་འཆར་འགོད་ལ་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བཅས་བྱས་པས། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད། ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱས་ཏེ་སྲིད་ཞུགས་འགན་སྒྲུབ་ཀྱི་ལེའུ་གསར་པ་རྩོམ་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་དམིགས་ནས་སྤྱི་ཚོགས་དང་དམངས་འཚོའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། དུས་རབས་ཀྱི་བླང་བྱ་དང་འཚམ་མཐུན་གྱིས་རང་ངོས་འཛུགས་སྐྱོང་གཏིང་ཟབ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    2025ལོའི་ལས་དོན་སྐོར་ལ་ཝུའུ་ཝེ་ཧྭ་ཡིས་ཤེས་རིག་སློབ་ཚོགས་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཡིག་ཆ་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། རྒྱལ་གཅེས་དང་། དམངས་གཙོ། ཚན་རིག་དང་མཐུན་པ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཤེས་རིག་སློབ་ཚོགས་ཀྱི་ཚོགས་ཆེན་བཅུ་གཉིས་པའི་ལས་དོན་བཀོད་སྒྲིག་དང་རང་ངོས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལོ་ལྔའི་འཆར་འགོད་ལས་འགན་ཁག་གི་བཀོད་སྒྲིག་ལ་གཞིགས་པ། སྲིད་ཞུགས་ཏང་གི་འགན་འཁྲི་ལག་ལེན་ནན་ཏན་བསྟར་བ། རང་ངོས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། གྲུབ་འབྲས་གཟེངས་སུ་ཐོན་པའི་ཐོག་ནས་དགུ་གསུམ་ཤེས་རིག་སློབ་ཚོགས་བཙུགས་ནས་ལོ་80འཁོར་བར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།