དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་12ཚེས་1ཉིན་ནས་བཟུང་རྒྱལ་ཡོངས་སུ་གྲངས་འཛིན་གློག་རྡུལ་འཛིན་ཤོག་རྒྱ་ཁྱབ་ཏུ་སྤྱོད་རྒྱུ་ཡིན་པ།

    བཅའ་ཁྲིམས་ཀྱི་ནུས་པ་ཤོག་བུའི་འཛིན་ཤོག་དང་གཅིག་མཚུངས་ལྡན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-29

    ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས《ཕྱོགས་ཡོངས་ནས་གྲངས་འཛིན་གློག་རྡུལ་འཛིན་ཤོག་རྒྱ་ཁྱབ་ཏུ་བེད་སྤྱོད་རྒྱུའི་སྐོར་གྱི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་2024ལོའི་ཟླ་12ཚེས་1ཉིན་ནས་བཟུང་རྒྱལ་ཡོངས་སུ་ཕྱོགས་ཡོངས་ནས་གྲངས་འཛིན་གློག་རྡུལ་འཛིན་ཤོག་དངོས་སུ་རྒྱ་ཁྱབ་ཏུ་བེད་སྤྱོད་རྒྱུ་ཡིན་ལུགས་ཁ་གསལ་བཏོན་ཡོད།

    གྲངས་འཛིན་གློག་རྡུལ་འཛིན་ཤོག་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛིན་ཤོག་དོ་དམ་བྱ་ཐབས》ནང་གི“གློག་རྡུལ་འཛིན་ཤོག”གི་རིགས་ཤིག་ཡིན་པ་དང་། འཛིན་ཤོག་ཚང་མ་ཕྱོགས་ཡོངས་ནས་གྲངས་འཛིན་ཅན་དང་། ཨང་གྲངས་རྒྱལ་ཡོངས་སུ་གཅིག་གྱུར་སྤྲོད་པ། འཛིན་ཤོག་གི་གྲངས་ཚད་རིག་ནུས་ཀྱིས་གཏན་འཁེལ་བྱེད་པ། ཆ་འཕྲིན་ཁྲལ་དོན་གྱི་གྲངས་འཛིན་ཐོ་ཁོངས་ནང་འཇུག་པ་སོགས་ཀྱི་བྱ་ཐབས་བརྒྱུད་བསྡུ་འཇལ་བྱེད་མཁན་དབར་རང་འགུལ་ངང་འཁོར་རྒྱུག་ཐུབ་པ་བཅས་ཀྱི་འཛིན་ཤོག་གསར་པ་ཞིག་རེད། གྲངས་འཛིན་གློག་རྡུལ་འཛིན་ཤོག་དང་ཤོག་བུའི་འཛིན་ཤོག་ལ་བཅའ་ཁྲིམས་ཀྱི་ནུས་པ་གཅིག་མཚུངས་ལྡན་ཡོད།

    ཚན་པ་དང་ཁེར་རྐྱང་ཚོང་དུད་ཀྱིས་རང་ཉིད་ཀྱི་ཁྲལ་དོན་གྲངས་འཛིན་རྩིས་ཐོ་བཀོད་ནས་འཛིན་ཤོག་གི་རིགས་དང་། འཛིན་ཤོག་གི་འབྱུང་ཁུངས། འཛིན་ཤོག་གི་ཨང་གྲངས་སོགས་བདམས་ཏེ་འཛིན་ཤོག་གི་འབྲེལ་ཡོད་ཆ་འཕྲིན་འདྲི་རྩད་དང་། ཕབ་ལེན། པར་རྒྱག ཕྱིར་འདྲེན་བཅས་བྱེད་ཆོག སྤྱི་དམངས་ཀྱིས་རང་ཉིད་སྒེར་གྱི་ཐོབ་ཁྲལ་གྱི་APPའཛིན་ཤོག་ཁུག་སྣོད་ནས་གློག་རྡུལ་འཛིན་ཤོག་ཞབས་ཞུའི་ལས་སྟེགས་བརྒྱུད་ཐོབ་པ་དང་འཛིན་ཤོག་ཚབ་འབྲི་རེ་ཞུ་བྱས་པའི་གྲངས་འཛིན་གློག་རྡུལ་འཛིན་ཤོག་ལ་ལྟ་བ་དང་། ཕབ་ལེན། ཕྱིར་འདྲེན། དང་ལེན་མི་བྱེད་པ་བཅས་བྱེད་ཆོག་པ་མ་ཟད། རྟགས་བཤེར་བྱས་ནས་སྤ་སེ་སྤྲོད་པ་དང་། སྤ་སེའི་ཆ་འཕྲིན་སྲུང་སྐྱོང་བྱེད་པ། མཚལ་ཡིག་འཛིན་ཤོག་གིས་དྲན་སྐུལ་བྱེད་པ་སོགས་ཀྱི་ནུས་པ་སྤྱོད་ཆོག ཁྲལ་འཇལ་མཁན་གྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚད་ལྡན་གྱི་གློག་རྡུལ་ཁྲལ་དོན་ཅུས་ཀྱི་དྲ་བའི་ནང་ཞུགས་ནས་དེའི་གློག་རྡུལ་འཛིན་ཤོག་ཞབས་ཞུའི་ལས་སྟེགས་ཀྱི“འཛིན་ཤོག་ལས་སྒོའི”ནུས་པ་སྤྱད་དེ་འཛིན་ཤོག་འབྲི་བ་དང་། རྩིས་སྤྲོད་པ། ཞིབ་བཤེར་རྩིས་ལེན། སྤྱོད་སྒོ་འདེམས་པ་སོགས་མང་པོ་བེད་སྤྱོད་བྱེད་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།