“མི་མེད་གནམ་གྲུ་དང་མི་མེད་རླངས་འཁོར་ཟུང་འབྲེལ”སྡེབ་སྐྱེལ་གྱི་ལས་ཕྱོད་ཆེ་བ།
འགག་རྩའི་དུས་སུ་ཞིང་སྤྱོད་འཐུ་བསྡུའི་མི་མེད་གནམ་གྲུས་རི་སྟེང་གི་ཤིང་འབྲས་ར་བ་ནས་ཚ་ལུ་མ་ཞིང་ཁྱིམ་སྒོ་འགྲམ་གྱི་ས་སྟོང་དུ་དབོར་གྱི་ཡོད། དེ་སྔ་དབོར་འདྲེན་བྱེད་པར་ཆུ་ཚོད་3ཙམ་འགོར་གྱི་ཡོད་མོད། འོན་ཀྱང་ད་ཆ་སྐར་མ་10ལས་འགོར་གྱི་མེད། འགག་རྩའི་དུས་སུ་མི་མེད་རླངས་འཁོར་གྱིས་ཤིང་འབྲས་དོ་པོ་ཁུལ་ཆུང་གི་སྒོ་འགྲམ་བར་དབོར་གྱི་ཡོད་པས་སྦྲག་སྐྱེལ་བ་དྲ་ཚིགས་སུ་ཤིང་འབྲས་དོ་པོ་ལེན་པར་འགྲོ་དགོས་ཀྱི་མེད། ཉེ་དུས་ཀྲུང་ཐུང་མྱུར་སྐྱེལ་སོགས་ཀྱིས“མི་མེད་གནམ་གྲུ་དང་མི་མེད་རླངས་འཁོར་ཟུང་དུ་འབྲེལ་བའི”བྱེད་ཐབས་ཚོད་ལྟ་བྱས་ནས་ཞབས་ཞུའི་ཕན་འབྲས་ཆེ་རུ་གཏོང་བཞིན་ཡོད་པ་རེད། གསར་འགོད་པས་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་མྱུར་སྐྱེལ་ལས་རིགས་ཀྱི་མི་མེད་གནམ་གྲུས་སྡེབ་སྐྱེལ་བྱེད་ཐེངས་ཁྲི་བརྒྱ་ལས་བརྒལ་ཡོད་པ་རེད། འདི་ནི་ཧུའུ་པེ་ཞིང་ཆེན་ཙེ་ཀུའེ་རྫོང་དུ་མི་མེད་གནམ་གྲུས་ཚ་ལུ་མ་དབོར་བཞིན་པ།