དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”རིམ་སྤེལ་ཇུས་འགོད།

    ཉི་འོད་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-29

    གཙུག་ལག་ཁང་།

    འདམ་གཞུང་རྩྭ་ཐང་།

    ལྷོ་རིའི་སྤྱི་གླིང་།

    ཕོ་བྲང་པོ་ཏ་ལ།

    ལྷ་སའི་རྟེན་རྫས་བཤམས་མཛོད་ཁང་།

    བར་སྐོར།

    ནོར་བུ་གླིང་ཁ།

    རྩོམ་པ་པོའི་སྦྲགས་མཆན།

    ཟླ་10ཚེས་18ཉིན། 2024ལོའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”འགོ་ཚུགས་མཛད་སྒོའི་རིམ་སྤེལ་བྱེད་སྒོ་བོད་ལྗོངས་ཟློས་གར་ཁང་ཆེན་དུ་སྤེལ་བ་རེད། ཐེངས་འདིའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པ”དེས“ཉི་འོད་དང་ཡར་ཐོན་ལ་ཕྱོགས། དགུན་དུས་བོད་ལ་ཡུལ་སྐོར་བྱེད”བརྗོད་དོན་གཙོ་བོར་བྱས་ཏེ་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་པའི་བྱ་དགའ(ཁ་གསབ་དངུལ)དང་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཞིང་། 2024ལོའི་ཟླ་10ཚེས་15ཉིན་ནས་2025ལོའི་ཟླ་3ཚེས་15ཉིན་བར་ལག་ལེན་བསྟར་རྒྱུ་རེད།

    གངས་ལྗོངས་ས་མཐོ་ནི་ས་རྒྱ་ཆེ་ལ་ཡུལ་ལྗོངས་ཉམས་དགའ་བ་དང་། ནམ་ཟླ་བཞི་ལ་སོ་སོའི་དམིགས་བསལ་གྱི་ཉམས་འགྱུར་ལྡན་པ་ལས་མི་རྣམས་ཀྱི་ཡིད་དབང་འཕྲོག་གི་ཡོད། དགུན་ཁར་ས་མཐོ་འདི་ཉིད“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”སྲིད་ཇུས་ཀྱི་རམ་འདེགས་འོག སྐྱེ་བོ་གྲངས་ལས་འདས་པའི་ཡུལ་སྐོར་དམིགས་སར་གྱུར་ཡོད། འདི་ག་ཚགས་པར་གྱིས་དེ་རིང་ནས“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”རིམ་སྤེལ་འཕྲིན་གཏོང་སྤེལ་རྒྱུ་ཡིན་པས་ཚང་མས་དོ་སྣང་ཡོད་པ་ཞུ།

    དགུན་ཁ་ཤར་མཚམས་སུ། བོད་དུ་ཡུལ་སྐོར་བྱེད་པའི་ཚ་རླབས་ད་དུང་འཇགས་མེད་པ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་དུ་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《ཉི་འོད་གྲོང་ཁྱེར》བསྟན་པ་ལས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མངོན་ནས་ཡུལ་སྐོར་བ་མང་པོ་གངས་ལྗོངས་ས་མཐོའི་མཛེས་ཉམས་མྱོང་རོལ་ལ་ཡོང་བའི་ཡིད་དབང་བཀུག་ཡོད།

    བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་ནི་དགུན་ཁའི་ཉི་མ་དྲོ་པོའི་འོག་ཏུ་འཇིག་རྟེན་པ་ཚང་མར་བསུ་བ་ཞུས་ནས་གང་དེའི་ཐུན་མོང་མ་ཡིན་པའི་དགུན་དུས་ཀྱི་ཉམས་འགྱུར་ངོམ་བཞིན་མཆིས།

    དགུན་དུས་ལྷ་སར་ཡུལ་སྐོར་ལ་ཡོང་ན་དགོན་སྡེའི་མཛེས་ལྗོངས་ལ་ལྟ་རྒྱུ་ཡོད་པ་ཕུད། ད་དུང་Aརིམ་པའི་མཛེས་ལྗོངས་ཁུལ་ཚང་མར་སྒོ་འཛིན་ཉོ་མི་དགོས་པ་དང་། སྒོ་འཛིན་ཉོ་མི་དགོས་པའི་མཛེས་ལྗོངས་ཁུལ་གྱི་གྲས་སུ་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ལྷོ་རིའི་སྤྱི་གླིང་། གནམ་མཚོ་སོགས་ཡོད་པ་དང་། སྐར་མ་གསུམ(སྐར་མ་གསུམ་ཚུད)ཡན་གྱི་མགྲོན་ཁང(གསོལ་མགྲོན་ཁང)དང་རྒྱལ་སྤྱིའི་སྤུས་རྟགས་དང་གསོལ་མགྲོན་ཁང་རྩེ་གྲར་ཡུལ་སྐོར་བ་ཉུང་བའི་དུས་ཀྱི་རིན་པ་བརྩི་ཡི་ཡོད་པ། བོད་དུ་ཡོང་བའི་གནམ་གྲུའི་སྤ་སེ་དང་མེ་འཁོར་སྤ་སེ་དང་། “བུ་ཁྲིད་ཡུལ་སྐོར”གྱི་འཛད་སྤྱོད་འཛིན་ཤོག་དང་དེ་བཞིན“གནས་གྲོཌ་ཡུལ་སྐོར”གྱི་འཛད་སྤྱོད་འཛིན་ཤོག་སོགས་སྟེར་གྱི་ཡོད།

    དགུན་དུས་ལྷ་སར་ཡུལ་སྐོར་ལ་ཡོང་ན། ལྷོ་རིའི་སྤྱི་གླིང་གི་རི་རྩེར་འཛེགས་ནས“མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་ཡིག་འབྲུ་དེ་དག་ལ་ཐག་ཉེ་ས་ནས་ལྟ་བ་དང་། གོས་དཀར་སྲབ་མོ་གཡོཌ་པ་ལྟ་བུའི་ཕོ་བྲང་པོ་ཏ་ལའི་བརྗིད་ཉམས་ལ་ལྟ་བ། བར་སྐོར་ཁྲོམ་གཞུང་དུ་རིག་གནས་ཀྱི་ཉམས་སྣང་ལ་རོལ་བ། གཙུག་ལག་ཁང་གི་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ཉམས་སུ་མྱོང་བ། ལྷུན་གྲུབ་རྫོང་དུ་ཆེས་དམིཌ་བསལ་གྱི་མགྲོན་པོ་ཁྲུང་ཁྲུང་སྐེ་ནག་ལ་ལྟ་བ། གནམ་མཚོའི་མཚོ་ངོས་ཀྱི་གཡུ་ཡི་མེ་ལོང་ལྟ་བུའི་དར་ཆཌ་ལ་ལྟ་བ་སོགས་དགུན་དུས་ལྷ་སར་ཡུལ་སྐོར་ལ་ཡོང་བའི་མཛེས་ལྗོངས་ཚང་མ་དགུན་ཁ་མ་གཏོཌ་མཐོང་རྒྱུ་མེད་པས་ཁྱེད་ལ་ཉམས་སྣང་མི་འདྲ་བ་ཞིག་ཡོང་ངེས་ལགས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།