དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་སྒར་རྫོང་གི་སྡེ་ཚན་མང་པོས་མཉམ་དུ་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་ཆེན་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-29

    ཉེ་ཆར། སྒར་རྫོང་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་རུ་ཆེན་གྱིས་རྫོང་མེ་ཟོན་དང་། ཁྲོམ་ར་ལྟ་འདོམས། འཕྲལ་སྡོམ། རིག་གནས་ཡུལ་སྐོར་སོགས་སྡེ་ཚན་དང་མཉམ་དུ་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་ཆེན་པོ་བྱས་པ་རེད།

    དེའི་རིང་ཞིབ་བཤེར་ཚོགས་ཆུང་གིས་སྣུམ་སྣོན་ས་ཚིགས་དང་། མགྲོན་ཁང་། སྐུར་སྐྱེལ་ཟོག་འགྲེམས། ཤོག་སྦག་འཚོང་ས། གྲི་ཆས་དམིགས་འཛུགས་འཚོང་ས་སོགས་སུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས་པ་དང་། མེ་ཟོན་བདེ་འཇགས་དང་། ལྟ་སྐུལ་ཚོད་འཛིན་འཁོར་སྐྱོད། མགྲོན་ཁང་ལས་རིགས་ཀྱི“ངོ་མ་བཞི”དང“ངེས་པར་དུ་ལྔ”དང་བཅོས་སྣུམ་བསིལ་ཚོང་གི་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་ཐོ་འགོད་གནས་ཚུལ་ལ་གཙོ་གནད་ཐོག་དམིགས་ཏེ་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་དང་། ལྟ་སྐུལ། དག་ཐེར། དྲིལ་བསྒྲགས་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་ལ་བརྟེན་ནས་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ། དོ་བདག་ལ་འཕྲལ་མར་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་དང་སྦྲགས། དོ་བདག་ལ་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་སྔར་བས་ཡག་པོ་སྤྱད་དེ་ཆུ་མ་ཤོར་གོང་ནས་རགས་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།