དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གིས།

    “སྐྲན་ནད་གཉིས”ཕོག་མཁན་བུད་མེད་ཚོར་རོགས་རམ་དང་གཅེས་སེམས་འཚམས་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-29

    “སྐྲན་ནད་གཉིས”ཕོག་མཁན་ནད་པ་དང་དཀའ་ངལ་ཡོད་པའི་བུད་མེད་ཚོགས་སྤྱིར་སྔར་བས་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བར་བྱ་ཆེད། ཉེ་ཆར། ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“སྐྲན་ནད་གཉིས”ཕོག་མཁན་ནད་པ་དང་དཀའ་ངལ་ཡོད་པའི་བུད་མེད་ལ་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་ཁོང་ཚོའི་གཟུགས་པོ་དང་འཚོ་བའི་གནས་ཚུལ་ལ་སེམས་ཁུར་བྱས་པ་མ་ཟད། གསོ་རིག་གི་རྒྱུན་ཤེས་འགྲེལ་བཤད་བརྒྱབ་པ་དང་འཚམས་འདྲིའི་དངུལ་ཡང་སྤྲད་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་བདེ་ཐང་རིགས་གཅིག་མཁས་ཅན་ཚོས“སྐྲན་ནད་གཉིས”(ནུ་མའི་སྐྲན་དང་མངལ་སྐྲན)འགོག་བཅོས་ཤེས་བྱ་དྲིལ་བསྒྲགས་བྱས་ཁར། བུད་མེད་ཚོར་“སྐྲན་ནད་གཉིས”ཕོག་རྐྱེན་དང་། ཐོག་མའི་ནད་རྟགས། རང་ཉིད་ཀྱིས་ཇི་ལྟར་བརྟག་དཔྱད་བྱེད་པ་བཅས་ནས་སྔོན་འགོག་བྱེད་ཐབས་དང་སྨན་བཅོས་བྱེད་ཐབས་སོགས་ཕྱོགས་ཡོངས་དང་སྤྱོད་གོ་ཆོད་པའི་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་བཏང་ཡོད། རིགས་གཅིག་མཁས་ཅན་ཚོས་དུས་བཀག་ལྟར་བུད་མེད་ཚན་ཁག་ཏུ་བརྟག་དཔྱད་བྱེད་པ་དང་ནུ་མའི་གཤེར་རྨེན་ལ་བརྟག་དཔྱད་བྱེད་པ་ནི“སྐྲན་ནད་གཉིས”ཡོད་མེད་ཤེས་རྟོགས་བྱེད་པའི་འགག་རྩ་ཡིན་པ་དང་། རྒྱ་ཆེའི་བུད་མེད་ཚོས་རང་ཉིད་ཀྱི་བདེ་སྲུང་འདུ་ཤེས་ཆེ་རུ་གཏོང་བ་དང་རང་ཉིད་ཀྱི་བདེ་ཐང་ལ་དོ་སྣང་བྱེད་དགོས་པའི་ནན་བཤད་བྱས་ཡོད། འཆད་ཁྲིད་བྱེད་སྐབས་བུད་མེད་ཚོས་ནན་ཏན་ངང་ཉན་པ་དང་དྲི་བ་ཧུར་ཐག་བཏོན་པར་རིགས་གཅིག་མཁས་ཅན་ཚོས་ངང་རྒྱུད་རིང་པོས་རེ་རེ་བཞིན་ལན་བཏབ་པ་རེད།

    འཆད་ཁྲིད་མཇུག་འགྲིལ་རྗེས་གསུམ་འཕྲེང་ཤང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“སྐྲན་ནད་གཉིས”ཕོག་མཁན་ནད་པ་དང་དཀའ་ངལ་ཡོད་པའི་བུད་མེད་ཚོར་འཚམས་འདྲིའི་དངུལ་སྤྲད་དེ། ཏང་དང་སྲིད་གཞུང་གིས་བུད་མེད་ཚོར་བཅངས་པའི་ཐུགས་ཁུར་དང་གཅེས་སྐྱོང་མཚོན་ཡོད་ལ། ཁོང་ཚོའི་དཔལ་འབྱོར་གྱི་གནོན་ཤུགས་ཆུང་དུ་བཏང་བ་རེད། དེ་དང་ཆབས་གཅིག་གསུམ་འཕྲེང་ཤང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པས་བུད་མེད་ཚོར་བྱམས་བརྩེའི་ངང་གླེང་མོལ་བྱས་ནས་ཁོང་ཚོའི་གཟུགས་པོ་དང་འཚོ་བའི་གནས་ཚུལ་སྐད་ཆ་དྲིས་པ་མ་ཟད། འཚོ་བ་ཡག་པོ་སྐྱེལ་བ་དང་སྨན་བཅོས་ཧུར་ཐག་བྱས་ནས་ལུས་ཁམས་སྐྱིད་པོ་ཡོང་བར་བྱེད་དགོས་པའི་ལྕག་སྐུལ་ཡང་བྱས་པ་རེད། འཚམས་འདྲིའི་དངུལ་རག་པའི་བུད་མེད་ཚོས་ང་ཚོའི་འཚོ་བའི་ཁུར་པོ་ཡང་དུ་དང་བསམ་པའི་གནོན་ཤུགས་ཆུང་དུ་ཕྱིན་པ་མ་ཟད། སྤྱི་ཚོཌ་ཀྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཀྱང་ཚོར་ཐུབ་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།