དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གཏོང་སྤྲོད་ཞབས་ཞུའི་རིན་འཕྲི་ཁེ་སྤྲོད་ཀྱི་སྲིད་ཇུས་ལག་བསྟར་བྱས་ནས་ལོ་གསུམ་སོང་རིང་།

    རང་ལྗོངས་ཀྱི་ཁེ་སྤྲོད་དངུལ་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1.4ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-29

    ཉིན་ཤས་གོང་། གསར་འགོད་པས་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2021ལོའི་ཟླ་9ཚེས་30ཉིན་གཏོང་སྤྲོད་ཞབས་ཞུའི་རིན་འཕྲི་ཁེ་སྤྲོད་ཀྱི་སྲིད་ཇུས་ལག་བསྟར་བྱས་ཚུན། མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་རང་ལྗོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་16དང་དངུལ་ཁང་མིན་པའི་གཏོང་སྤྲོད་སྒྲིག་གཞི་14ལ་ཁྲིད་སྟོན་གྱིས“གཅོག་དགོས་རིགས་གཅོག་གང་ཐུབ་བྱེད་པའི”རྩ་དོན་ལྟར་དངོས་གཞིའི་དཔལ་འབྱོར་ལ་རྒྱུན་མཐུད་ཁེ་བཟང་སྤྲད་ཅིང་། སྲིད་ཇུས་ལག་བསྟར་བྱས་ནས་ལོ་3སོང་རིང་རིམ་རྩིས་བྱས་ན། རང་ལྗོངས་ཀྱི་རིགས་ཁག་གི་ཁྲོམ་རའི་གཉེར་སྐྱོང་བྱེད་པོར་རིན་འཕྲི་ཁེ་སྤྲོད་སྒོར་དུང་ཕྱུར་1.41ཟིན་པས་རིགས་ཁག་གི་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་ཁྲི་32.7ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།