དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སླར་ཡང་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-29

    ཉིན་ཤས་གོང་། གསར་འགོད་པར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་11ཚེས་23ཉིན་བར། འདི་ལོ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་700ལས་ཐོག་མར་བརྒལ་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    མིག་སྔའི་བར། བོད་ལྗོངས་གནམ་ཐང་ཚོགས་པས་མཁའ་ལམ་ལམ་ཐིག་10མང་དུ་བཏང་ནས་ཀ་ཏ་མན་རྡུའི་རྒྱལ་སྤྱིའི་མཁའ་ལམ་ལམ་ཐིག་སླར་གསོ་བྱས་པ་དང་། དགུན་དཔྱིད་གཉིས་སུ་སན་མིང་དང་། ཧོ་ཧྥེ། ཧའེ་ཁོའུ། ཧྲེ་ཅ་ཀྲོང་སོགས་ཀྱི་འགྲུལ་བཞུད་ས་ཚིགས་གསར་སྣོན་བྱས་པ། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་དང་། ལྷོ་ཕྱོགས་མཁའ་འགྲུལ། ཤར་ཕྱོགས་མཁའ་འགྲུལ། བོད་ལྗོངས་མཁའ་འགྲུལ་སོགས་མཁའ་འགྲུལ་ཀུང་སི་18དང་གྲོས་མཐུན་ཐོ་འགོད་1006བྱས་པ་དང་ལམ་ཐིག་སྦྲེལ་མཐུད་ཀྱི་གནམ་གྲུའི་ལན་གྲངས་1172ཟིན་ནས“གནམ་གྲུ་སྡོད་པའི་འགྲོ་ལུགས་ཐེངས་གཅིག་ལས་གཉེར་མི་དགོས་པ་དང་། རྡོག་ཁྲེས་དམིགས་སར་སྐྱེལ་བ། བདེ་འཇགས་ཞིབ་བཤེར་མྱུར་པོ་བྱེད་པ། རྡོག་ཁྲེས་མངགས་བཅོལ་ཆོག་པ”བཅས་མངོན་འགྱུར་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།