དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཀེ་རི་སེའི་རྒྱལ་སྤྱིའི་ཟློས་གར་དུས་ཆེན་སྐབས་གཉིས་པ་ཨ་ཐེན་སིར་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-11-28

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་ཐེན་སི་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་22ཉིན་གྱི་དགོང་མོ། ཀྲུང་ཀེའི་རྒྱལ་སྤྱིའི་ཟློས་གར་དུས་ཆེན་སྐབས་གཉིས་པ་ཨ་ཐེན་སིའི་བྱང་འདབས་སུ་གནས་པའི་ཡེ་ཤུའི་འཁྲུངས་སྐར་གྱི་ཟློས་གར་ཁང་དུ་འགོ་ཚུགས་པ་རེད།

    ཀོང་ཀྲོའུ་རྩལ་རྩེད་ཚོགས་པས་ཉིན་དེའི་དགོང་མོར་གསར་གཏོད་ཀྱི་ཉམས་འགྱུར་ལྡན་པའི་དེང་རབས་རྩལ་རྩེད་ལེ་ཚན་10ལྷག་ཙམ་འཁྲབ་སྟོན་བྱས་ནས། དྲག་རྩལ་དང་། ལུས་རྩལ། ཞབས་བྲོ། ཟློས་གར་སོགས་རྩལ་རྩེད་འཁྲབ་སྟོན་ནང་མཉམ་བསྲེས་བྱས་པ་རེད།

    ཀེ་རི་སེའི་རིག་གནས་པུའི་དེང་སྐབས་སྒྱུ་རྩལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཆའོ་ཀྲི·ཁཱ་ཁཱ་ཝ་སིས་འགོ་ཚུཌ་མཛད་སྒོར་ཤིས་ཚིག་སྒྲོན་སྐབས། རྒྱལ་ཁབ་གཉིས་པོ་རི་ཀླུང་མང་པོས་ཆོད་རུང་ཐུན་མོང་གི་མི་ཆོས་རིག་གནས་ཀྱི་སྙིང་སྟོབས་དང་གནའ་བོའི་ཤེས་དཔལ་ལ་འཛིན་པའི་དད་སེམས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་པ་དམ་པོར་སྦྲེལ་ཡོད་ཅེས་བརྗོད།

    ཀེ་རི་སེ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་དབྱང་ཉི་སི·ཏི་ཨའོ་ཧྥ་ནུའོ་ཕུའུ་ལུའོ་སིས། ཨ་ཐེན་སི་ནས་ངོ་མཚར་ཆེ་བའི་ཀྲུང་གོའི་རྩལ་རྩེད་སླར་ཡང་མྱོང་རོལ་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ཀེ་ཀྲུང་རིག་གནས་སྤེལ་རེས་ཀྱིས་རྒྱལ་ཁབ་གཉིས་པོའི་མཛའ་གཅུགས་ཟབ་ཏུ་འགྲོ་བའི་ཡིད་ཆེས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།