ཧན་སུའུ་དབྱིན་རྒྱལ་སྤྱིའི་ཡིག་སྒྱུར་འགྲན་བསྡུར་ཆེན་པོ་སྐབས་སོ་དྲུག་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་ཡིག་སྒྱུར་གྱིས་མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོ་ཡིག་སྒྱུར་མཐུན་ཚོགས་དང་ཀྲུང་གོ་ཡིག་སྒྱུར་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པའི་ཧན་སུའུ་དབྱིང་རྒྱལ་སྤྱིའི་ཡིག་སྒྱུར་འགྲན་བསྡུར་ཆེན་པོ་སྐབས་སོ་དྲུག་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་ཡིག་སྒྱུར་གྱིས་མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲུའུ་ཡུང་ཤིན་གྱིས་དམིགས་བསལ་ཤིས་ཚིག་བསྒྲོན་པ་རེད།
ཀྲུའུ་ཡུང་ཤིན་གྱི་དམིགས་བསལ་ཤིས་ཚིག་ནང་བསྟན་དོན། རྒྱལ་སྤྱིའི་བརྒྱུད་སྤེལ་ཁྱབ་ཁོངས་ཀྱི་དངོས་ཡོད་གནད་དོན་གལ་ཆེན་གྱི་མདུན་དུ་ཡིག་སྒྱུར་གྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཤེས་དཔལ་སྤེལ་རེས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
བྱེད་སྒོ་སྤེལ་རིང་ད་དུང་ཧན་སུའུ་དབྱིན་རྒྱལ་སྤྱིའི་ཡིག་སྒྱུར་འགྲན་བསྡུར་ཆེན་པོ་སྐབས་སོ་དྲུག་པའི་སྒྱུར་ཡིག་དཔྱད་འདེམས་ཀྱི་འཆད་ཁྲིད་དང་དེ་བཞིན“ཡིག་སྒྱུར་དང་རྒྱལ་ཁབ་ཀྱི་རིག་གནས་འཇམ་ཤུགས་ཆེར་གཏོང”དང“ཡིག་སྒྱུར་དང་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་ཀྱི་ཤེས་ལྡན་པ་གསོ་སྐྱོང”བཅས་ཀྱི་ཆེད་དོན་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་པ་རེད།