དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁྲུང་ཆིང་དུ་ལྕགས་ལམ་གྱི་རྒྱལ་སྤྱིའི་སྦྲེལ་མཐུད་སྐྱེལ་འདྲེན་ལས་ལ་བྲེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-28

    ཤེས་རྟོགས་བྱུང་བར་གཞིགས་ན། ཁྲུང་ཆིང་ནི་གྲུ་ཁ་དང་། སྐམ་ས། གནམ་ཐང་། ཐོན་སྐྱེད་ཞབས་ཞུ། ཚོང་དོན་ཞབས་ཞུ་བཅས་ཁྱད་ཆོས་ལྔ་ལྡན་གྱི་རྒྱལ་ཁབ་ཀྱི་ཟོག་འགྲུལ་ལྟེ་གནས་གྲོང་ཁྱེར་ཞིག་རེད། ཉེ་བའི་ལོ་ཤས་རིང་ཁྲུང་ཆིང་གིས་ལྕགས་ལམ་དང་མཚོ་ཐོག་གི་སྦྲེལ་མཐུད་སྐྱེལ་འདྲེན་གྱི“སྣ་གཅིག་ལམ་ལུགས”ཀྱི་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། ལྕགས་ལམ་དང་མཚོ་ཐོག་གི་སྦྲེལ་མཐུད་སྐྱེལ་འདྲེན་གྱི“རྩ་གཅིག་ཀུན་འབྲེལ”འཐུས་སྒོ་ཚང་དུ་གཏོང་བ། “སྐམ་མཚོ་སྦྲེལ་མཐུད”ཀྱི་དངུལ་རྩའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད། ཟོག་འགྲུལ་དྲ་བ་ཚགས་དམ་དུ་བཏང་ནས་སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེའི་ཕྱོགས་བསྡུས་ལྟེ་གནས་ཧུར་ཐག་བཏོད་ཡོད། འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཧྲ་ཕིང་པ་ཆུས་སུ་ཡོད་པའི་ཁྲུང་ཆིང་མཐུན་སྒྲིལ་གྲོང་ཚོའི་ལྟེ་བའི་ས་ཚིགས་སུ་ལུང་མོན་འདེགས་དཔྱང་གིས་དོས་སྒམ་འདེགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།