2024ལོའི་རྒྱལ་ཡོངས་ཀྱི་སྟོན་དུས“གྲོང་ཚོའི་མཚན་ཚོཌ”ཀྱི་དཔེ་སྟོན་འགྲེམས་སྟོན་ས་ཚིཌ་ཀྱི་བྱེད་སྒོ་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་རྩེ་ཆེན་ཤར་གྲོང་ཚོར་སྤེལ་བ།
ཉེ་ཆར། 2024ལོའི་རྒྱལ་ཡོངས་ཀྱི་སྟོན་དུས“གྲོང་ཚོའི་མཚན་ཚོགས”ཀྱི་དཔེ་སྟོན་འགྲེམས་སྟོན་ས་ཚིགས་ཀྱི་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་རྩེ་ཆེན་ཤར་གྲོང་ཚོར་སྤེལ་བ་དང་། རྒྱལ་རྩེ་རྫོང་གི་གྲོང་གསེབ་དར་རྒྱས་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་མངོན་པར་བྱས་ཡོད།
《ལྷ་མོ·བཀྲ་ཤིས་དབྱངས་རྟ》ཞེས་པའི་ཁྲོད་བྱེད་སྒོ་འགོ་ཚུགས་པ་དང་། དེ་རྗེས་རྒྱལ་རྩེའི་ཁྱད་ཆོས་དང་དམངས་སྲོལ་གོམས་གཤིས་ལྡན་པའི་ལེ་ཚན་སྣ་ཚོགས་རེས་མོས་ངང་འཁྲབ་སྟོན་བྱས་ཏེ་རྒྱལ་རྩེའི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་ཆབས་ཅིག མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དང་སྨོན་འདུན་བརྒྱུད་སྤྲོད་བྱས་ནས། ལྟད་མོ་བ་ཚོར་མཐོང་ཐོས་མྱོང་གསུམ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། བྱེད་སྒོ་མཇུག་སྒྲིལ་སྐབས་ད་དུང་རྒྱལ་རྩེ་རྫོང་གི་ཁྱད་ལྡན་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་དང་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་གི་དྲ་ཐོག་ཐད་གཏོང་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་རྒྱལ་རྩེ་རྫོང་གིས“གྲོང་གསེབ་དར་རྒྱས་གཏོང་བར་རིག་གནས་སྔོན་ལ་སྤེལ་བའི”འདུ་ཤེས་གཙོ་བོར་བཟུང་ནས་མང་ཚོགས་ཀྱིས་རང་གཉེར་དང་། རང་རྩོམ། རང་ཁྲིད། རང་འཁྲབ་བཅས་ཀྱི་རྣམ་པ་བརྒྱུད་རྒྱལ་རྩེའི་ཁྱད་ཆོས་དེ་གྲོང་གསེབ་ཡུལ་སྐོར་དང་། དམངས་སྲོལ་གོམས་གཤིས། མངོན་མིན་རིག་གནས་ཤུལ་བཞག་སོགས་ཀྱི་གཞི་རྒྱུ་དང་མཉམ་འདྲེས་བྱས་ཏེ“མངོན་མིན་རིག་གནས་ཤུལ་བཞག་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི”མཉམ་འདྲེས་འཕེལ་རྒྱས་ཀྱི་ཕན་ཡོན་འཚོལ་ཞིབ་ལ་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆ་རྒྱ་སྟོབས་ཆེ་རུ་དང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་དམག་འཐབ་ཡག་པོ་བརྒྱབ་སྟེ། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྱི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཞིག་བཏོད་པ་རེད།