དགུན་དུས་བོད་ལྗོངས་སྟེང་ཆེན་དུ་སྔོ་ཚལ་སྣ་ཁ་མང་བ།
འདི་ནི་སྟེང་ཆེན་རྫོང་གི་ཞིང་ལས་སྐྱེ་ཁམས་ཐོན་ལས་གླིང་ཡིན་པ།
འདི་ནི་སྟེང་ཆེན་རྫོང་ཞིང་ལས་སྐྱེ་ཁམས་ཐོན་ལས་གླིང་དུ་ལས་དོན་པས་ཀྲོ་མ་ཀྲུ་འཐུ་བཞིན་པ།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཞིང་ལས་སྐྱེ་ཁམས་ཐོན་ལས་གླིང་ནི་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་དང་། མེ་ཏོག་འདེབས་འཛུགས། ལག་རྩལ་གསོ་སྦྱོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྐྱེ་ཁམས་ཐོན་ལས་གླིང་ཞིག་རེད། ཉེ་བའི་ལོ་ཤས་རིང་། གླིང་དེས“སྲིད་གཞུང་དང་། ཁེ་ལས། ཚན་ཞིབ་སྒྲིག་གཞི། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་དོ་དམ་བྱེད་སྟངས་བརྒྱུད། ཞིང་འབྲོག་མང་ཚོགས་ལ་རིན་མེད་ངང་ལག་རྩལ་གསོ་སྦྱོང་དང་དེ་བཞིན་ལས་གནས་མཁོ་འདོན་བྱས་པས་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།