དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ནུས་རྒྱུ་གསོག་ཚད་མཚོ་སྔོན་གྱི་ཨང་དང་པོར་སླེབས་པ།

    མཚོ་ནུབ་ཀྱིས་གློག་གཏོང་ཚད་ཆན་ཝ་ཁྲི་123ཟིན་པའི་ནུས་གསོག་གློག་ཁང་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-28

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་ནུབ་ཀྲོའུ་ཡིས་ནུས་རྒྱུ་གསར་པའི་རྣམ་གྲངས་ཀྱི་ལེ་ལག་ཚང་བའི་ནུས་རྒྱུ་གསོག་འཇོག་སྐོར་གྱི་རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་དང་དེ་བཞིན་ནུས་རྒྱུ་གསར་པའི་ལེ་ལག་ཚང་བའི་ནུས་གསོག་གི“གཅིག་གྱུར་བཞིའི”སྐོར་གྱི་མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུས་ཀྱི་འཛུགས་སྐྲུན་བླང་བྱ་གཞིར་བཟུང་། གློག་དྲའི་ཕྱོགས་ཀྱི་མཉམ་སྤྱོད་ནུས་གསོག་གློག་ཁང་མཉམ་སྐྲུན་སོགས་ཀྱི་བྱེད་སྟངས་བརྒྱུད། ནུས་གསོག་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་123ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་ནུས་གསོག་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྱི་69.56%(འདི་ལོའི་ཟླ་10པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་ནུས་གསོག་དྲ་སྦྲེལ་གཞི་ཁྱོན་ཆན་ཝ་ཁྲི་176.82ཟིན་པ)བཟུང་བ་མ་ཟད། “ཁས་ལེན་གཙོ་འགན་ལམ་ལུགས”བརྒྱུད་གློག་རྫས་འགྱུར་དང་། མཁའ་རླུང་གནོན་བཙིར། ཞུས་ཚྭའི་ནུས་གསོག་བཅས་ཀྱི་རྣམ་གྲངས་ཁག་གཅིག་ལག་ལེན་བསྟར་བས་ནུས་གསོག་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཏེ་ཀྲོའུ་ཡོངས་སུ་སྣ་མང་ཅན་གྱི་ནུས་གསོག་མ་ལག་ཅིག་གྲུབ་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་མཚོ་ནུབ་ཀྱིས་ནུས་གསོག་གློག་ཁང་15བསྐྲུན་ནས་དྲ་སྦྲེལ་ཐུབ་པ་དང་ནུས་གསོག་གློག་ཁང་19སྐྲུན་བཞིན་ཡོད། འོད་དྲོད་གློག་ཁང་3བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་འོད་དྲོད་གློག་ཁང་3སྐྲུན་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།