“2024ལོའི་ཀྲུང་གོ་གུང་ཁྲན་ཏང་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་སྲིད་ཏང་གི་གླེང་མོལ་ཚོགས་འདུ”འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་25ཉིན།“2024ལོའི་ཀྲུང་གོ་གུང་ཁྲན་ཏང་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་སྲིད་ཏང་གི་གླེང་མོལ་ཚོགས་འདུ”པེ་ཅིང་དུ་འཚོགས་ཤིང་། བརྗོད་དོན་གཙོ་བོ་ནི“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ། སྲིད་ཏང་གི་ལེགས་སྐྱེས”ཞེས་པ་དེ་རེད། ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་12ཀྱི་སྲིད་ཏང་19ཡི་འཐུས་མི་50ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས། 2021ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དབུ་ཚོགས་གཙོ་སྐྱོང་གནང་ནས། རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་མཉམ་ལས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་ལྷན་དུ་གྲོས་བསྡུར་གནང་སྟེ། དུས་བབ་གསར་པར་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཆར་གཞི་བཀོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་སྲིད་ཏང་དང་མཉམ་དུ་འཐབ་ཇུས་དང་འདུ་ཤེས་ཀྱི་འབྲེལ་གཏུག་ཟབ་ཏུ་བཏང་ནས། “སྲིད་ཏང་+”གི་མཉམ་ལས་ལས་སྟེགས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།
ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས། ཀྲུང་གོའི་འཕེལ་རྒྱས་ཀྱི་འགྲོ་ལམ་གྱིས་འཛམ་གླིང་ལ་གདམ་ག་གཞན་ཞིག་སྦྱིན་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་དང་སྤེལ་རེས་དང་གླེང་མོལ་ལ་ཤུགས་སྣོན་དང་ཕན་ཚུན་ཤེས་རྟོགས་བྱེད་ཟབ་ཏུ་བཏང་ནས། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།