ཨུ་རུ་སུའི་ཡུལ་སྐོར་བས་ཀྲུང་གོར་ཡུལ་སྐོར་བྱེད་པར་དགའ།
འདི་ནི་ཨུ་རུ་སུ་ནས་ཡོང་བའི་ཏན་ཉི་སི·དབྱི་ཙུའོ་ཐུའོ་ཧྥུའུ(གཡས)དང་ཁོང་གི་ནང་མིས་ཧུའུ་ནན་ཞིང་ཆེན་ཤང་ཤིས་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཡུང་ཧྲུན་རྫོང་ཧྥུའུ་རུང་གྲོང་རྡལ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁྲེན་སི་ཧན་གྱིས་པར་བླངས།
ཨུ་རུ་སུ་བས་ཧའེ་ནན་མཚོ་འགྲམ་གྱི་སྤྲོ་གསེང་མཛེས་ལྗོངས་གྲགས་ཅན་ཁུལ་དུ་ཡུལ་སྐོར་བྱེད་པར་དགའ་བ་མ་ཟད། ད་དུང་ཀྲུང་གོའི་ས་ཁུལ་གཞན་དག་གི་སྤྲོ་གསེང་རྣམ་གྲངས་ལའང་དགའ་པོ་བྱེད་ཀྱི་ཡོད། ཨུ་རུ་སུའི་མཐའ་མཚམས་ཞིབ་བཤེར་སྡེ་ཚན་གྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། ཉེ་བའི་ལོ་གཅིག་རིང་། ཨུ་རུ་སུ་ནས་ཀྲུང་གོར་ཡུལ་སྐོར་དུ་ཡོང་མཁན་མི་གྲངས་ལྡབ་གཉིས་ཙམ་འཕར་ཡོད། གཞན་ཡང་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོའི་དུས་ཚིགས་གསུམ་པར་ཨུ་རུ་སུ་བས་ཀྲུང་གོར་གསོལ་མགྲོན་ཁང་སྔོན་མངགས་བྱེད་གྲངས་ན་ནིང་གི་དུས་མཚུངས་ལས་ལྡབ་གཅིག་ཙམ་འཕར་ཡོད་པ་རེད།
ཨུ་རུ་སུའི་ཡུལ་སྐོར་ལས་གཉེར་པས། ཀྲུང་གོ་ནི་ཡུལ་སྐོར་བྱེད་ས་གཙོ་བོ་ཡིན། དེ་ནི་དུས་གཏན་གནམ་གྲུ་ཐད་འཕུར་ཐུབ་པ་དང་འབྲེལ་བ་ཆེན་པོ་ཡོད། ཨུ་རུ་སུའི་ཡུལ་སྐོར་བ་མང་པོས་ཧྲང་ཧའེ་དང་། པེ་ཅིང་། ཀོང་ཀྲོའུ། དེ་བཞིན་ཀྲུང་གོའི་ས་ཆ་གཞན་དག་ཏུ་ཡུལ་སྐོར་དུ་འགྲོ་རྒྱུའི་གདམ་ག་བྱེད་ཀྱི་ཡོད་ཅིང་། ཧའེ་ནན་དུ་ད་ལྟ་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་སླེབས་ཡོད་ཅེས་བརྗོད།
ཨུ་རུ་སུའི་ཡུལ་སྐོར་བ་ཀྲུང་གོར་ཡུལ་སྐོར་དུ་སྐྱོད་སའི་དམིགས་ས་ཧ་ཅང་མང་པོ་ཡོད་ལ། ཡུལ་སྐོར་གྱི་རྣམ་གྲངས་ཀྱང་ཕུན་སུམ་ཚོགས་པོ་ཡོད། གཞོན་ནུ་ཚུད་པའི་ཨུ་རུ་སུའི་ཡུལ་སྐོར་བ་མང་པོ་ཞིག་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་ཉམས་ལེན་བྱེད་པར་དགའ་པོ་ཡོད། ཆེད་མངགས་བཀོད་སྒྲིག་བྱས་པའི་ཡུལ་སྐོར་རྣམ་གྲངས་ལས་ཁོང་ཚོས་ཀྲུང་གོར་རྒྱུས་མངའ་སྔར་བས་ཟབ་པ་ལེན་པར་གོ་སྐབས་སྦྱིན་ཡོད།
—— ཨུ་རུ་སུའི《ཚོང་པའི་ཚགས་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།