ལྷོ་ཆུ་བྱང་འདྲེན་གྱི་ཆུ་ལམ་ཤར་མའི་དུས་ཐེངས་དང་པོའི་ལས་གྲྭ་འགོ་ཚུགས་པ།
གསར་འགོད་པར་ཆུ་བེད་པུའུ་དང་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་25ཉིན་གྱི་ཆུ་ཚོད་16ལ་ཐེར་ཀྲོང་ཆུ་འཐེན་འཕྲུལ་ཆས་ས་ཚིགས་ཀྱི་འཕྲུལ་ཚན་གཉིས་པ་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་བསྟུན་ནས། ལྷོ་ཆུ་བྱང་འདྲེན་གྱི་ཆུ་ལམ་ཤར་མའི་དུས་ཐེངས་དང་པོའི་ལས་གྲྭའི་2024ལོ་ནས་2025ལོ་བར་གྱི་ལོ་འཁོར་གྱི་ཆུ་ལམ་ཧྲིལ་པོའི་གཙང་ཆུ་ཁ་སྒྱུར་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཡོད་པ་རེད།
ཆུ་བེད་པུས་བཀྲམ་པའི་2024ལོ་ནས་2025ལོ་བར་གྱི་ལོ་འཁོར་གྱི་ཆུ་ཚད་བཀོད་གཏོང་འཆར་གཞིར་གཞིགས་ན། 2024ལོ་ནས་2025ལོ་བར་གྱི་ལོ་འཁོར་གྱི་ཆུ་ལམ་ཤར་མའི་དུས་ཐེངས་དང་པོའི་ལས་གྲྭའི་འཆར་གཞིས་ཧྲན་ཏུང་ཞིང་ཆེན་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་11.25འདྲེན་རྒྱུ་དང་། ཅང་སུའུ་ཞིང་ཆེན་དང་ཨན་ཧུའེ་ཞིང་ཆེན་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་5.27དང་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་0.46སོ་སོར་མཁོ་འདོན་བྱེད་མང་དུ་གཏོང་རྒྱུ་རེད། ཆུ་ལམ་ཤར་མའི་དུས་ཐེངས་དང་པོའི་ལས་གྲྭར་2013ལོའི་ཟླ་11ཚེས་15ཉིན་ཆུ་བཏང་ཚུན། ལོ་འཁོར་གྱི་གཙང་ཆུ་ཁ་སྒྱུར་ལས་འགན་ཁག་11བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། རིམ་རྩིས་བརྒྱབ་ན་ཧྲན་ཏུང་ཞིང་ཆེན་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་71.4ཙམ་མཁོ་འདོན་བྱས་ཡོད་པ་རེད།