དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱིས“སྤྱི་ཚོགས་འགན་སྲུང་ཞབས་ཞུ་དུད་ཚང་ཁྲིར་ཁྱབ་པའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-27

    ཉེ་ཆར་མངའ་རིས་ས་ཁུལ་མི་སྤྱི་ཅུས་ཀྱིས་ས་ཁུལ་ཁྲལ་དོན་སྡེ་ཚན་དང་མཉམ་དུ་སྲིད་ཇུས་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ནས་2024ལོའི“‘སྲིད་ཇུས་ངོ་ཐུག་གདོང་འཕྲད་ཀྱིས་དྲིལ་བསྒྲགས་བྱེད། ཞབས་འདེགས་སྒོ་རྩར་ཞུ་བའི’སྤྱི་ཚོགས་འགན་སྲུང་ཞབས་ཞུ་དུད་ཚང་ཁྲིར་ཁྱབ་་པའི”བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སྤེལ་ཞིང་། དེའི་དམིགས་ཡུལ་ནི་མང་ཚོགས་ཀྱིས་སྤྱི་ཚོགས་འགན་སྲུང་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་དང་འགན་བཅོལ་ནང་ཞུགས་པའི་འདུ་ཤེས་ཟབ་ཏུ་བཏང་ནས་དམངས་ལ་ཞབས་འདེགས་ཞུ་རྒྱ་ཆེ་རུ་དང་ཟབ་ཏུ་གཏོང་ཆེད་རེད།

    བྱེད་སྒོ་དེ“བཞི་སྐྱོད”དང་གཅིག་སྡུད་ས་ཚིགས་འཛུགས་པ་སོགས་ཀྱི་བྱེད་ཐབས་སྣ་མང་ཐོག་ནས་སྤེལ་ཞིང་། དྲིལ་བསྒྲགས་མི་སྣས་མངའ་རིས་ཞང་ཞུང་སྡེ་ལས་ཞབས་ཞུ་ཚད་ཡོད་ཀུང་སི་དང་ཞང་ཞུང་རིག་གནས་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཀྱི་ཁེ་ལས་སུ་བསྐྱོད་དེ་ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་། ཐོབ་ཐང་ཁས་ལེན་དཔང་འདོན། ཐོབ་ཐང་ཚད་ལེན་ཞིབ་རྩིས། སྤོ་སྒྱུར་རྒྱུན་མཐུད། ལས་རྨས་སྔོན་འགོག ཐེབས་རྩའི་བདེ་འཇགས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སོགས་ཀྱི་སྲིད་ཇུས་གསལ་འགྲེལ་བྱས་ནས་ཁེ་ལས་ལ་སྲིད་ཇུས་གསལ་རྟོགས་དང་བཀོལ་སྤྱོད་བྱ་ཐབས་རྒྱུས་མངའ་ཡོང་རོགས་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོའི་ཐོག་དྲིལ་བསྒྲགས་ཐེངས་32བྱས་པ་དེར་མང་ཚོགས་མི་ཐེངས་4000ལྷག་ཙམ་ཞུགས་པ་དང་། དྲིལ་བསྒྲགས་དངོས་པོ་དང་དྲིལ་བསྒྲགས་དཔྱད་ཡིག་3000ལྷག་ཙམ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།