དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི“སྐལ་བཟང་མེ་ཏོག་བྱ་སྤྱོད”ཀྱི་སྐུལ་སྤེལ་ཚོགས་འདུ་ཧྲེན་ཀྲེན་དུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-27

    ཉེ་ཆར། རང་ལྗོངས་ཀྱི“སྐལ་བཟང་མེ་ཏོག་བྱ་སྤྱོད”ཀྱི་སྐུལ་སྤེལ་ཚོགས་འདུ་ཧྲེན་ཀྲེན་དུ་འཚོགས་པ་རེད། ཚོགས་འདུའི་ཐོག ཁེ་ལས་ཁྲོམ་རར་ཞུགས་པའི་དངུལ་རྩའི་རོགས་སྐྱོར་དང་། ཁེ་ལས་སྒྱུར་བཅོས་ཀྱི་མ་འཇོག་མཉམ་ལས། ཁེ་ལས་ཁྲོམ་རར་ཞུགས་པའི་ལྗང་མདོག་བགྲོད་ལམ་བཅས་དང་། དེ་བཞིན་བོད་དུ་མ་དངུལ་འདུ་གཏོང་སྲིད་ཇུས་བྱ་ཐབས་སོགས་ཀྱི་ནང་དོན་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ་རེད། ཁྲོམ་རར་ཞུགས་པའི་ཁེ་ལས་ཀྱི་འཐུས་མིས་ཁྲོམ་རར་ཞུགས་པའི་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་ཁྲོམ་རར་ཞུགས་འདོད་པའི་ཁེ་ལས་ཀྱི་འཐུས་མིས་རང་ཀུང་སིའི་གནས་ཚུལ་དང་། ཁྲོམ་རར་ཞུགས་པའི་འཆར་གཞི། དེ་བཞིན་འཕྲད་པའི་དཀའ་གནད་བཅས་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད།

    རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་དབྱང་ཀྲེ་ཡུང་གིས“ད་ཐེངས་ཀྱི་སྐུལ་སྤེལ་ཚོགས་འདུར‘གཞུང་འཁྱོངས་གསར་འབྱེད’ཀྱི་རྩ་དོན་ལག་བསྟར་བྱས་ནས་ང་ཚོས་ཐོན་ལས་དང་གླིང་ཁུལ་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱུན་མཐུད་ངང་དམིགས་ཏེ་ཚོང་འགུགས་ལས་དོན་སྤེལ་རྒྱུ་དང་ཆབས་ཅིག རྐང་དབང་དང་། ཐེབས་རྩ། ཉེར་སྤྱོད་རྣམ་པ་སོགས་ཚོང་འགུགས་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས། ཐབས་མང་མཉམ་སྤྱོད་ཀྱིས་བོད་ཀྱི་མ་འཇོག་ཆུ་ཚད་དེ་བས་མཐོ་བ་དང་། མྱུར་ཚད་དེ་བས་མགྱོགས་པ། སྤུས་ཚད་དེ་བས་མཐོ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།